འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྐར་མ་མིག་དམར་འདྲ་བཟོའི་རྟེན་གཞི་ཐོག་མའི་སྤྱིའི་ཇུས་གཞི་མཚོ་སྔོན་དུ་
    གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རང་རྒྱལ་གྱི་སྐར་མ་མིག་དམར་འདྲ་བཟོའི་རྟེན་གཞི་ཐོག་མའི་སྤྱིའི་ཇུས་གཞི་མཚོ་སྔོན་དུ་
གཏན་འཁེལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཀྲུང་གོའི་སྐར་མ་མིག་དམར་གྲོང་ཚོའི་(འདྲ་བཟོའི་སྐར་མ་མིག་དམར་རྟེན་གཞི་)སྤྱིའི་ཇུས་གཞིའི་གྲོས་བསྡུར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་མཇུག་མཐར་སྐར་མ་མིག་དམར་གྲོང་ཚོའི་སྤྱིའི་ཇུས་གཞི་གཏན་འཁེལ་བྱས་པ་དང་རགས་རྩིས་བྱས་ན་རྣམ་གྲངས་དེར་བསྡོམས་མ་དངུལ་སྒོར་དུང་ཕྱུར་4ལྷག་ཟིན་རྒྱུ་རེད།
         ཚོགས་འདུར་ཞུགས་མཁན་ཀྲུང་གོ་ཚན་རིག་ཁང་ཟླ་བའི་གོ་ལ་དང་བར་སྣང་ཚད་ལེན་སྤྱི་ཁྱབ་པུའི་ཀྲུའུ་རེན་ལིའུ་ཞའོ་ཆུན་གྱིས་ཀྲུང་གོའི་སྐར་མ་མིག་དམར་གྲོང་ཚོ་(འདྲ་བཟོའི་སྐར་མ་མིག་དམར་རྟེན་གཞི་)ནི“མྱ་ངམ་ཐང་དུ་ཡུལ་སྐོར+སྐར་མའི་གོ་ལ་གཞན་གྱི་འཚོ་བ་མྱོང་རོལ”བྱ་རྒྱུ་འཕེལ་རྒྱས་ཀྱི་དམིགས་ཚད་དུ་བྱེད་པ་དང“ཚན་རིག+ཚན་རིག་འཕྲུལ་སྣང+རང་བྱུང+སྣོད་བཅུད+རིག་གནས”བཅས་ཇུས་འགོད་ཀྱི་འདུ་ཤེས་སུ་བྱེད་པ་ནི་མིག་སྔར་རང་རྒྱལ་དུ་ཕྱི་རོལ་གྱི་མྱ་ངམ་ཐང་རིགས་ཀྱི་སྐར་མ་མིག་དམར་ས་ཁམས་ནང་གི་སྐར་མ་མིག་དམར་གྱི་ཚན་རིག་རིག་གནས་གསར་གཏོད་ཀྱི་སྤྲོ་གསེང་རྟེན་གཞི་འབའ་ཞིག་དེ་རེད། “ང་ཚོའི་ཐོག་མའི་ཀུན་སློང་ནི་བར་སྣང་འཚོལ་ཞིབ་ཅེས་པའི་ཚན་རྩལ་བརྗོད་གཞི་དེར་དམིགས་ནས་སྲོལ་རྒྱུན་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་ལ་ཚན་རྩལ་གྱི་བསྟན་དོན་འཛོམས་རྒྱུ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་བཀྲག་མདངས་གསར་པ་བསྣན་རྒྱུ་དེ་རེད”ཅེས་ངོ་སྤྲོད་བྱས།
         སྐར་མ་མིག་དམར་གྲོང་ཚོ་ནི་གཙོ་ཆེར“སྐར་མ་མིག་དམར་སྡེ་ཁུལ”དང“སྐར་མ་མིག་དམར་སྒར་ས”ཡི་བྱེད་ནུས་ཁུལ་གཉིས་ལས་གྲུབ་ཅིང་། སྐར་མ་མིག་དམར་སྡེ་ཁུལ་ནི་སྐར་མ་མིག་དམར་གྱིས་གཙོ་བོ་བྱས་པའི་ཡུལ་སྐོར་རིག་གནས་གླིང་ཡིན་པ་དང་གཙོ་བོར་ལྟ་སྐོར་མི་ཚོགས་དཀྱུས་མར་དམིགས་ཡོད། སྐར་མ་མིག་དམར་སྒར་ས་ནི་གྲུ་ཚང་དུ་མས་གྲུབ་པའི་འདྲ་བཟོའི་སྐར་མ་མིག་དམར་གྱི་རྟེན་གཞི་ཡིན་ལ་དེའི་ནང་གི་གྲུ་ཚང་དུ་མྱོང་རོལ་བྱེད་སྒོ་ནི་གཙོ་བོ་མཐོ་རིམ་གྱི་དགོས་གལ་ཆེ་བའི་མི་ཚོགས་ལ་དམིགས་ཡོད་པ་རེད།
         ལིའུ་ཞའོ་ཆུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རྣམ་གྲངས་དེའི་གཞི་རྩའི་བྱེད་ནུས་ཕྱོགས་ལྔའི་ཐད་ནས་གྲུབ་པ་སྟེ། ཐོག་མའི་དུས་སུ་མྱ་ངམ་ཐང་གི་ཡུལ་སྐོར་ལྟ་སྐོར་དང་། བར་སྣང་དང་གོ་ལ་གཞན་གྱི་འཚོ་བའི་མྱོང་རོལ། གནམ་རིག་དང་མཁའ་འགྲུལ་ཚན་རིག་ཁྱབ་གདལ་སློབ་གསོ། གློག་བརྙན་བརྙན་འཕྲིན་རིག་གནས་ཀྱི་བྱེད་སྒོ་བཅས་ཕྱོགས་བཞི་ལ་ཁྱབ་རྒྱུ་དང་། སླད་ཕྱིན་ད་དུང་འབྲེལ་ཡོད་ཚན་རིག་ཚོད་ལྟའི་མཐུན་རྐྱེན་སྦྱར་ནས་ཞིབ་འཇུག་སྒྲིག་གཞིར་ཞབས་འདེགས་ཞུ་རྒྱུ་མ་ཟད་ཚན་རིག་ཞིབ་འཇུག་དང་ཕྱི་རོལ་ཚོད་ལྟའི་ལས་དོན་བསྒྲུབ་རྒྱུ་རེད། ཚན་རིག་ཁྱབ་བསྒྲགས་ཀྱི་ཕྱོགས་ནས་གཅིག་འཐུས་རྣམ་པའི་མྱོང་རོལ་བྱེད་སྒོ་ལས་མཁའ་འགྲུལ་དང་། གནམ་རིག ས་ཁམས། དེ་བཞིན་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་ཚན་རིག་ལག་ལེན་བྱེད་སྒོའི་ཐད་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་དགོས་མཁོ་བསྐང་རྒྱུ་རེད།
         “འདྲ་བཟོའི་སྐར་མ་མིག་དམར་རྟེན་གཞིའི་འཛུགས་སྐྲུན་ཐད་ཚན་རིག་དང་སྣོད་བཅུད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་ལས། སྐར་མའི་གོ་ལ་གཞན་འཚོལ་ཞིབ་དང་གསར་རྙེད་ཐད་མི་སྔར་བས་མང་པོའི་ཡིད་སེམས་འགུག་ཐུབ་པ་དང་། ད་དུང་མཚོ་ནུབ་ཀྲོའུ་ཡི་ཡུལ་སྐོར་ཐོན་ལས་དང་ཐ་ན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་ངེས་རེད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་གྱི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཀྲང་པེའོ་ཡིས་བརྗོད།
         སྐར་མ་མིག་དམར་གྲོང་ཚོའི་རྣམ་གྲངས་བྲག་དམར་དུ་བསྐྲུན་པ་དེ་ཉེ་འཁོར་གྱི་གསར་སྤེལ་བྱས་པའི་རང་བྱུང་མཛེས་ལྗོངས་དང་བར་ཐག་འོས་འཚམ་ཡོད་ལ། ཀན་སུའུ་ནས་མཚོ་སྔོན་བར་གྱི་ཡུལ་སྐོར་ལམ་ཐིག་ཆེ་མོ་དང་ཐག་ཉེ་པོ་ཡོད་པས་འགྲིམ་འགྲུལ་སྟབས་བདེ་བ་དང་རྗེས་མཐུད་འཆར་འགོད་ནང“ཙི་ཅིན་རི་བོའི་གནམ་དཔྱད་སྟེགས་བུའི་མཚོ་སྔོན་གྱི་ལྟ་དཔྱད་ཚད་ལེན་ས་ཚིགས+གཏེར་ལེན་ཁ་གྲོང་ཁྱེར་གྱི་གནམ་རིག་ཚན་རིག་ཁྱབ་གདལ་ཁང+མཚེའུ་གཉིས་དང་གནའ་ཤུལ་གཅིག(ཁོ་ལུའུ་ཁོ་མཚེའུ་དང་། ཐུའོ་སུའུ་མཚེའུ། སྐར་མའི་གོ་ལ་གཞན་གྱི་གནའ་ཤུལ)+ཚྭ་འདམ་ཆུང་བའི་མཚེའུ+སྐར་མ་མིག་དམར་གྲོང་ཚོ+ཚྭ་འདམ་ཆེ་བའི་མཚེའུ”བཅས་ཀྱི་ལམ་ཐིག་གཙོ་བོ་བཏོད་ནས“ཚན་རིག་རྩད་ཞིབ+ཚན་རིག་རྟོག་སྣང་མྱོང་རོལ+མྱ་ངམ་ཐང་གི་ལྟ་སྐོར”བཅས་ཀྱི་ཁྱད་ལྡན་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག་ཆགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།