འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཧའེ་ནན་དང་ཐེ་ལན་དབར་མ་དངུལ་ཁྱོན་སྒོར་དུང་ཕྱུར་30ཙམ་རི་བའི་དཔལ་འབྱོར་
    ཚོང་དོན་མཉམ་ལས་རྣམ་གྲངས་ཁག་གཅིག་གི་གྲོས་མཐུན་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། ཀྲུང་གོའི་ཧའེ་ནན་ཞིང་ཆེན་དང་ཐེ་ལན་དབར་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་གཏིང་ཟབ་བྱེད་པའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ཚེས་5ཉིན་ཕྱོགས་གཉིས་པོའི་དབར་མ་དངུལ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་30ཙམ་རི་བའི་མཉམ་ལས་རྣམ་གྲངས་ཁག་གཅིག་གི་གྲོས་མཐུན་བཞག་པ་རེད།
         ཉིན་དེར་ཧའེ་ནན་ཞིང་ཆེན་སྲིད་གཞུང་གིས་ཐེ་ལན་གྱི་པང་ཁོག་ཏུ་དཔལ་འབྱོར་ཚོང་དོན་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞིང་ཆེན་དེ་ནས་ཡིན་པའི་ཁེ་ལས་དང་སྒྲིག་གཞི་6གིས་ཐེ་ལན་ཕྱོགས་དང་རྣམ་གྲངས་ཁག་5ཡི་མཉམ་ལས་གྲོས་མཐུན་བཞག་པ་རེད། དེའི་ནང་སློབ་གླིང་གི་མཛའ་གྲོགས་འབྲེལ་བའི་དྲན་ཐོ་དང་། མཁའ་འགྲུལ་ཞབས་ཞུ་རིགས་ཀྱི་གསོ་སྦྱོང་གྲོས་མཐུན། ཚ་ཁུལ་གྱི་ཁྱད་ལྡན་ནུས་ཆེའི་ཞིང་ལས་མཉམ་ལས་གྲོས་མཐུན། ཧའེ་ཁོ་ནས་པ་ཐི་ཡ་བར་གྱི་མཁའ་ལམ་ཤར་གཏོང་གྲོས་མཐུན་སོགས་ཀྱི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་29.6ཙམ་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།