འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་བྱ་ཐབས་གསར་པ"འབྲི་གཡག་གསོ་ཚགས་དྲ་སྦྲེལ
    +"ཟླ་10པར་སྤྱད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ལྗོངས་ཀྱི“ཚན་རྩལ་དབུལ་སྐྱོར་དང་གནད་སྨིན་དབུལ་སྐྱོར”གྱི་རྣམ་གྲངས་གྲས་ཤིག་ཡིན་པའི“འབྲི་གཡག་གསོ་ཚགས་ཀྱི་དྲ་སྦྲེལ+”ལས་སྟེགས་འཆར་གཞི་འདི་ལོའི་ཟླ་10པར་དངོས་སུ་སྤྱད་རྒྱུ་ཡིན་པ་རེད།
         འབྲི་གཡག་གསོ་ཚགས་དྲ་སྦྲེལ་རྣམ་གྲངས་ནི་བོད་ཀྱི་ཁྱད་ལྡན་ཁེ་ལས་ས་མཐོའི་གཅེས་ནོར་ཀུང་སིས་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རིག་བཟོ་ལས་ཚོགས་པའི་བྱང་སྐར་སྤུན་བདུན་དང་། སྤྲིན་རྩིས། གྲངས་གཞི་ཆེན་པོ་སོགས་ཀྱི་ལག་རྩལ་ལེགས་ཆ་སྤྱད་དེ་བཏོད་པའི་བོད་ཀྱི་འབྲི་གཡག་དང་དེ་བཞིན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ས་བབ་ཐོན་ཁུངས་གཉེར་སྐྱོང་གི་རྣམ་པ་གསར་པ་ཞིག་རེད།
         “འབྲི་གཡག་གསོ་ཚགས་ཀྱི་དྲ་སྦྲེལ+”ལས་སྟེགས་ལ་འབྲི་གཡག་གི་གནས་ངེས་པ་དང་། འབྲི་གཡག་གི་ཐོབ་ཐང་ངོས་འཛིན། འབྲི་གཡག་གི་བདེ་ཐང་ལྟ་ཞིབ་ཚད་ལེན། འབྲོག་རའི་སྣོད་བཅུད་མ་ལག་གི་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་ནུས་པ་གཅིག་ཏུ་བསྡུས་པ་དང་དེའི་ནང་གཙོ་བོ“མ་ལག་ཆེན་པོ་གསུམ་དང་ལས་སྟེགས་གཅིག”ཚུད་པ་སྟེ། འབྲི་གཡག་གི་བདེ་ཐང་ལྟ་ཞིབ་ཚད་ལེན་མ་ལག་དང་། འབྲི་གཡག་གི་འཚོ་བའི་ཉེན་བརྡ་སྔོན་གཏོང་མ་ལག འབྲོག་རའི་སྣོད་བཅུད་ལྟ་ཞིབ་ཚད་ལེན་མ་ལག་བཅས་དང་འབྲི་གཡག་གསོག་ཚགས་དྲ་སྦྲེལ་ལས་སྟེགས་རེད།
         ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་ཏུང་ཧྲེ་ཀྲང་གི་དྲུང་ཆེ་ཧོའོ་ཤིའུ་ཧྥེང་གིས་རྣམ་པ་དེ་ལས་ཐོན་ལས་དབུལ་སྐྱོར་གྱི་ལམ་གསར་རྐྱང་ཞིག་ཏུ་བསྐྱོད་ཐུབ་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།