འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་མོང་གོལ་རྒྱལ་ཁབ་ཀྱི་འཐུས་ཚབ་ཁྲུའུ་བཙུགས་ནས་རྒྱལ་
    ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ལ་ཞབས་འདེགས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། ཀྲུང་གོ་བཟོ་ཚོང་དངུལ་ཁང་མོང་གོལ་རྒྱལ་ཁབ་ཀྱི་འཐུས་ཚབ་ཁྲུའུ་ཨུ་ལན་དཔའ་ཐུལ་དུ་ལས་འགོ་ཚུགས་ཤིང་། བཟོ་ཚོང་དངུལ་ཁང་གི་ཧང་ཀྲང་ཀུའུ་ཧྲུས་འཐུས་ཚབ་ཁྲུའུ་ཡིས་ཀྲུང་མོང་གི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་ཞབས་འདེགས་ཧུར་ཐག་ཞུས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཆགས་རྒྱུར་གཞོལ་རྒྱུ་ཡིན་ཞེས་བཤད་པ་རེད།
         མོང་གོལ་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཀྲང་ཆའོ་དབྱི་ཅི་ལེ་སུའུ་ལུན་གྱིས་འཐུས་ཚབ་ཁྲུའུ་དངོས་སུ་ལས་འགོ་ཚུགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་མོང་གོལ་རྒྱལ་ཁབ་ཀྱི་ནོར་སྲིད་པུས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིས་མོང་གོལ་རྒྱལ་ཁབ་ཏུ་རྒྱུན་གཏན་གྱི་ལས་སྒོ་སྤེལ་རྒྱུར་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གོའི་བཟོ་ཚོང་དངུལ་ཁང་གིས་ང་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལེགས་སྐྱེས་འབུལ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤིང་ཧའེ་མིང་དེ་ཉིན་གྱི་བྱེད་སྒོར་ཞུགས་པ་རེད། གྲངས་གཞི་ལས་མངོན་པར། ཀྲུང་གོ་འདི་ཉིད་ལོ་བཅུ་ལྷག་ཙམ་བསྟུད་མར་མོང་གོལ་རྒྱལ་ཁབ་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་རེད། 2017ལོའི་ཟླ་6པའི་བར། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་ཨ་སྒོར་དུང་ཕྱུར་41བྱས་པ་དེས་མོང་གོལ་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་མ་རྩ་འདྲེན་འགུགས་བྱས་པའི་བསྡོམས་འབོར་གྱི་30%བཟུང་བས་ཀྲུང་གོ་དེ་ཉིད་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་མ་རྩའི་ཡོང་ཁུངས་རྒྱལ་ཁབ་ཆེ་གྲས་གཉིས་པར་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།