འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་ཡུལ་སྐོར་ཅུས་ཀྱིས་སྐད་འཕྲིན་སྤྱི་རྟགས་གཉེར་ནས་ཀྲུང་གོའི་ཡུལ་སྐོར་བར་ཞབས་
    འདེགས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། དྲ་ཐོག་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་ཆ་འཕྲིན་སྤེལ་རེས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་འཕར་ཚད་ཧ་ཅང་མགྱོཌ་པའི་ཀྲུང་གོའི་ཡུལ་སྐོར་བའི་ཡིད་དབང་འགུགས་ཆེད། ཚེས་5ཉིན་ཐེ་ལན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་སྐད་འཕྲིན་སྤྱི་རྟགས་Visit Thailandདངོས་སུ་གཉེར་ནས་ཀྲུང་གོའི་ཡུལ་སྐོར་བར་ཡུལ་སྐོར་ཆ་འཕྲིན་དང་རྒྱ་ཡིག་གི་ཆ་འཕྲིན་གྱི་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
         ཐེ་ལན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་བརྒྱུད་སྤེལ་གཙོ་གཉེར་བྱེད་མཁན་ཅུས་ཀྲང་གཞོན་པ་ཁྲའེ་ཐན་གྱིས་ཚེས་5ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག “སྐད་འཕྲིན་སྤྱི་རྟགས་འདི་བརྒྱུད་དེ་ཀྲུང་གོའི་ཡུལ་སྐོར་བས་ཐེ་ལན་དུ་ཞིམ་ཟས་དང་རོལ་རྩེད་བྱེད་ས་ཤེས་ཐུབ། ཐེ་ལན་ཧྲིལ་པོ་ལག་ཐོགས་ཁ་པར་ནང་དུ་བླུགས་ཡོད། ཡུལ་སྐོར་བས་བཏོན་པའི་གནད་དོན་ལས་ཁོང་ཚོའི་དགོས་མཁོ་དང་དགའ་ཕྱོགས་མཚོན་ཡོད་པས་ང་ཚོས་ཀྲུང་གོའི་ཡུལ་སྐོར་བའི་དགའ་ཕྱོགས་རྒྱུས་ལོན་བྱེད་བདེ་པོ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།