འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཅོར་ཏན་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་
    ལས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་རེ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་08ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། 2017ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་དེ་ཟླ་འདིའི་ཚེས་6ནས་9ཉིན་བར་ཉིང་ཞ་དབྱིན་ཁྲོན་དུ་གཉེར་རྒྱུ་ཡིན་པ་དང་ཅོར་ཏན་གྱི་བཟོ་ཚོང་ལས་རིགས་མི་སྣས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་ཀྱིས་ཀྲུང་གོ་དང་ཅོར་ཏན་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱུག་རྒྱུར་གོ་སྐབས་བཟང་པོ་མཁོ་འདོན་བྱ་རྒྱུ་རེད་ཅེས་བཤད།
         ཅོར་ཏན་ཚོང་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལྭ་དབྱི་ཏེ·ཧ་མཱ་ཏས་སྐབས་དེར་ཅོར་ཏན་གྱི་ཁེ་ལས་མང་པོ་ཞིག་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་ནང་ཞུགས་རྒྱུ་དང་སྦྲགས་ཀྲུང་གོའི་མཉམ་ལས་རོགས་ཟླ་དང་གྲོས་མཐུན་མང་དག་ཅིག་འཇོག་རེ་བྱེད་ཀྱི་ཡོད་ཅེས་བཤད། ཁོང་གིས་ཀྲུང་གོའི་ཚོང་ཟོག་སྤུས་ཀ་དག་ལ་སྣ་ཁའང་མང་པོ་ཡོད། “ཅོར་ཏན་འདི་ཉིད་དབུལ་ཤར་ས་ཁུལ་དུ་གནས་རུང་ཞི་བདེ་བརྟན་ལྷིང་ཡིན་པས་འདི་ནི་ང་ཚོའི་ས་ཁོངས་ཀྱི་ལེགས་ཆ་ཞིག་རེད། ཀྲུང་གོའི་མ་འཇོག་མཁན་གྱིས་ཅོར་ཏན་ལ་བརྟེན་ནས་དབུལ་ཤར་ས་ཁུལ་གྱི་ཁྲོམ་རའི་སྒོ་མོ་ཕྱེ་ཆོག”པའི་ངོས་འཛིན་བྱེད་ཀྱི་ཡོད།
         ལྭ་དབྱི་ཏེ·ཧ་མཱ་ཏས“ཅོར་ཏན་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད་པ་དང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེན་པོ་ཡོད་པ་ང་ཚོས་བློ་རྩ་བརྟན་པོའི་ངང་ངོས་འཛིན་བྱེད་ཀྱི་ཡོད། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ཐོག་གལ་སྲིད་ཅོར་ཏན་བཟོ་ཚོང་ལས་རིགས་ཀྱི་མི་སྣས་ཀྲུང་གོའི་ལས་རིགས་གཅིག་པ་དང་འབྲེལ་བ་དེ་བས་མང་བ་འཛུགས་ཐུབ་ན་ཅོར་ཏན་གྱིས་ཀྲུང་གོར་ཕྱིར་གཏོང་བྱེད་མང་དུ་གཏོང་ཐུབ་རེ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།