འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་སེམས་གཅིག་སྒྲིལ་དང་གསར་འབྱེད་ཡར་བརྩོན་གྱིས་སློབ་གྲྭའི་ལུས་རྩལ་ལས་དོན་སླར་
    ཡང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་གཏོང་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭའི་ལུས་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ་སློབ་གྲྭའི་ལུས་རྩལ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་། ལུས་རྩལ་སློབ་ཚན་དང་སློབ་གསེང་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་དང་། གཟུགས་པོ་ཐང་པོ། ཕྱོགས་ཡོངས་འཕེལ་རྒྱས་བཅས་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ་འགན་འཁྲི་ལྕི་པོ་འཁུར་ཐུབ་མཁན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ལིའུ་ཡན་ཏུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སློབ་གྲྭའི་ལུས་རྩལ་གྱིས་སློབ་མའི་གཟུགས་གཞི་ཐང་དུ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་སོགས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས།
         ལིའུ་ཡན་ཏུང་གིས་གཞོན་ནུ་ལོ་ཆུང་གི་ཕུགས་བསམ་དད་སེམས་དང་ཕྱོགས་བསྡུས་བྱང་ཚད་ནི་རྒྱལ་ཁབ་འཕེལ་རྒྱས་གསོན་ཤུགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ཞིང་། སློབ་གྲྭའི་ལུས་རྩལ་ལ་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་དང་རྒྱལ་ཁབ་ཀྱི་མི་རིགས་འཕེལ་རྒྱས་ཡུན་རིང་ཡོང་བར་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད་པས་སློབ་གྲྭའི་ལུས་རྩལ་གྱི་སློབ་མ་གསོ་སྐྱོང་གི་ནུས་པ་འདོན་སྤེལ་བྱས་ཏེ་གཟུགས་གཞི་བདེ་ཐང་དང་ཀུན་སྤྱོད་ཡག་པའི་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་དགོས། ལུས་རྩལ་སློབ་ཚན་འདང་ངེས་བཀོད་སྒྲིག་བྱེད་པ་དང་སློབ་ཚན་ཡག་པོ་འཚོགས་ནས“ཉིན་ལྟར་སྦྱོང་བརྡར་བྱས་ཏེ་མི་ཚང་མ་བདེ་ཐང་ཡོང་བར་བྱེད་པའི”འདུ་ཤེས་ཟབ་ཏུ་གཏོང་བ་དང་ལུས་རྩལ་གྱི་དགའ་སྣང་འཕེལ་བར་བྱས་ཏེ་ཚེ་གང་སྦྱོང་བརྡར་བྱེད་པའི་གོམས་གཤིས་འཇགས་པ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱེད་དགོས། སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་དཔྱད་གཞིར་གཞིགས་ནས་སློབ་ཁྲིད་ལ་སྣང་ཆེན་གྱིས་ཁྱད་ལྡན་ལུས་རྩལ་རྣམ་གྲངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལུས་རྩལ་ཀུན་སྤྱོད་ཀྱི་དར་སྲོལ་དར་སྤེལ་གཏོང་བ། ལུས་རྩལ་གྱི་སློབ་ཚན་ཀུན་སྤྱོད་སློབ་གསོ་དང་། ཤེས་རིག་སློབ་གསོ། མཛེས་རིག་སློབ་གསོ་བཅས་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་མ་བཏང་ནས་སློབ་གྲྭའི་ལུས་རྩལ་ཆེད་ལས་ལུས་རྩལ་དང་ལས་རིགས་ལུས་རྩལ་སུ་གྱུར་བར་བྱས་ནས་སློབ་གྲྭ་དང་སྤྱི་ཚོགས་ཀྱི་ལུས་རྩལ་ཐང་གི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་མ་གཏོང་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་མ་གཏོང་བ་རང་རྟོགས་ཀྱི་བྱ་སྤྱོད་ལ་བརྩིས་ནས་གཞི་རྩའི་ཆ་རྐྱེན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལུས་རྩལ་སློབ་གསོའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་སློབ་གྲྭའི་ལུས་རྩལ་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཚོགས་འདུ་མ་འཚོགས་གོང་ལིའུ་ཡན་ཏུང་གིས་ད་དུང་ཧང་ཀྲོའུ་གྲོང་ཁྱེར་གྱི་སློབ་གྲྭའི་ལུས་རྩལ་ལས་དོན་ལ་རྟོག་ཞིབ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།