འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་བྷང་ག་ལའི་རྒྱལ་སའི་འགྲིམ་འགྲུལ་འགག་པའི་གནད་དོན་བཅོས་
    སྐྱོང་བྱེད་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། ཀྲུང་གོའི་ཁེ་ལས་ཞུགས་པའི་བྷང་ག་ལའི་རྒྱལ་ས་ཏ་ཁ་གྲོང་ཁྱེར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཆེན་པོ་གསུམ་བསྟུད་མར་ལས་འགོ་ཚུགས་པ་རེད། རྣམ་གྲངས་ལག་ལེན་དང་ལེགས་གྲུབ་བྱུང་རྗེས་བྷང་ག་ལའི་འགྲིམ་འགྲུལ་གནས་ཚུལ་མ་འོངས་པའི་ལོ་ཁ་ཤས་ནང་ལེགས་སུ་འགྲོ་རྒྱུ་རེད།
        བསྟུད་མར་ལས་འགོ་ཚུགས་པའི་འགྲིམ་འགྲུལ་གྱི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཆེན་པོ་གསུམ་ནི་ཏ་ཁ་གྲོང་ཁྱེར་གྱི་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་མ་ལག་དང་། ཏ་ཁ་གནམ་ཐང་མཐོ་སྒྲོམ་མྱུར་བགྲོད་ལམ་བུའི་རྣམ་གྲངས། ཏ་ཁ་གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་རྣམ་གྲངས་བཅས་ཡིན་པ་དེ་དག་ནང་ཀྲུང་གོའི་ཁེ་ལས་ཚང་མའམ་ཡང་ན་ཆ་ཤས་ཞུགས་ཡོད་པ་རེད།
        ཏ་ཁ་གྲོང་ཁྱེར་གྱི་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་མ་ལག་དེ་ཀྲུང་གོའི་ཀེ་ཀྲོའུ་ཆུ་རགས་ཚོགས་པས་བསྐྲུན་འགན་ཁུར་ཡོད། ཀྲུང་གོ་ཀེ་ཀྲོའུ་ཆུ་རགས་ཚོགས་པའི་བཟོ་སྐྲུན་ཚད་ཡོད་ཀུང་སི་ཨང་དྲུག་པའི་འབྲེལ་ཡོད་འགན་འཁུར་བས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སྐྲུན་བཞིན་པའི་གྲོང་ཁྱེར་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་མ་ལག་ནི་བྷང་ག་ལའི་ངོས་ནས་བརྗོད་ན་མ་ལག་དེའི་རིགས་ཨང་དང་པོ་ཡིན། རྣམ་གྲངས་དེ་བསྐྲུན་རྗེས་ཏ་ཁ་གནམ་ཐང་ནས་ཅ་ནི་པུར་བར་གྱི་འགྲིམ་འགྲུལ་གྱི་གནས་ཚུལ་ལེགས་སུ་འགྲོ་རྒྱུ་མ་ཟད། དེ་མིན་ས་ཁུལ་དང་ཏ་ཁའི་བྱང་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འགྲོ་འོང་ལ་སྐུལ་འདེད་ཐེབས་རྒྱུ་དང་འབྲེལ་ཏ་ཁའི་འགྲིམ་འགྲུལ་གནས་ཚུལ་ལེགས་སུ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཏ་ཁའི་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་མ་ལག་བསྐྲུན་རྗེས་ཆུ་ཚོད་རེར་འགྲུལ་པ་དབོར་འདྲེན་བྱེད་ཚད་ཁྲི་2ཟིན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།