འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་དང་ཨུ་རུ་སུས་འདྲ་མཉམ་གྱི་སྒོ་ནས་སྐད་ཆ་ཤོད་རེས་
    བྱས་ཏེ་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཨ་རི་ཕྱོགས་ཀྱིས་ཨུ་རུ་སུའི་སྲིད་གཞུང་ལ་ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཨུ་རུ་སུའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སོགས་ཕྱི་འབྲེལ་སྒྲིག་གཞི་སྒོ་རྒྱག་དགོས་པའི་བླང་བྱ་བཏོན་པའི་སྐོར་གྱི་དྲི་བར་ལན་འདེབས་སྐབས་ཨ་རི་དང་ཨུ་རུ་སུས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་ཕན་ཚུན་བརྩི་འཇོག་གི་བསམ་བློ་བཅངས་ཏེ་འདྲ་མཉམ་གྱི་སྒོ་ནས་སྐད་ཆ་ཤོད་རེས་བྱས་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         གསར་འགོད་པ་ཞིག་གིས་ཉེ་ཆར་ཨ་རིས་ཨུ་རུ་སུའི་སྲིད་གཞུང་ལ་ཟླ་9ཚེས་2ཉིན་གོང་ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཨུ་རུ་སུའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སོགས་ཕྱི་འབྲེལ་སྒྲིག་གཞི་ཁག་3སྒོ་རྒྱག་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ་ཚེས་2ཉིན་དེའི་ནང་གི་ཕྱི་འབྲེལ་སྒྲིག་གཞི་ཁག་2ལ་སྒོ་ཐེལ་བརྒྱབ་པ་རེད། ཨུ་རུ་སུ་ཕྱོགས་ཀྱིས་དེའི་ཐད་ཧ་ཅང་ཡི་མི་རང་རྣམ་འགྱུར་བསྟན་ནས་ཨ་རི་ཕྱོགས་ཀྱིས་ཨུ་རུ་སུའི་ཕྱི་འབྲེལ་སྒྲིག་བཀོད་འཕྲལ་དུ་རྩིས་མ་སྤྲད་ན་ཕྱོགས་གཉིས་པོའི་འབྲེལ་བ་སྡུག་ཏུ་འགྲོ་བའི་ཉེས་འགན་ཚང་མ་འཁུར་དུ་འཇུག་གི་ཡིན་ཞེས་བླང་བྱ་བཏོན་པ་རེད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ཀེང་ཧྲོང་གིས་《ཝི་ཨེན་ནའི་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས་》དང་《ཝི་ཨེན་ནའི་ཁེ་སྐྱོང་འབྲེལ་བའི་སྤྱི་ཆིངས་》སོགས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་རྒྱུན་སྲོལ་གཞིར་བཟུང་རྒྱལ་ཁབ་ཁག་གིས་སོ་སོའི་རྒྱལ་ཁབ་ཏུ་བཅའ་སྡོད་བྱས་པའི་ཕྱི་འབྲེལ་དང་ཁེ་སྐྱོང་སྒྲིག་གཞི་དང་དེ་བཞིན་ཁོང་ཚོའི་མི་སྣས་རྒྱུན་གཏན་གྱི་ལས་འགན་ལག་བསྟར་བྱ་རྒྱུར་སྟབས་བདེ་སྐྲུན་དགོས་ཞེས་བཤད་པ་རེད།
          ཁོང་གིས་ཨ་རི་དང་ཨུ་རུ་སུ་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཡིན་པས་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཐད་འགན་ལྕི་པོ་ཁུར་བཞིན་ཡོད། “ཨ་རི་དང་ཨུ་རུ་སུས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་ཕན་ཚུན་བརྩི་འཇོག་གི་བསམ་བློ་བཅངས་ཏེ་འདྲ་མཉམ་གྱི་སྒོ་ནས་སྐད་ཆ་ཤོད་རེས་བྱས་ཏེ་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།