འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོ་དང་ཡོ་རོབ་མཉམ་ལས་མཉམ་རོགས་ཀྱི་ཕན་ནུས"ཞེས་པའི་རྒྱལ་སྤྱིའི་བགྲོ་
    གླེང་ཚོགས་འདུ་ཕོ་ལན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། “ཀྲུང་གོ་དང་ཡོ་རོབ་མཉམ་ལས་མཉམ་རོགས་ཀྱི་ཕན་ནུས་ཏེ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི‘16+1’མཉམ་ལས་ལམ་སྲོལ”གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཚེས་2ཉིན་ཕོ་ལན་གྱི་ལྷོ་རྒྱུད་གྲོང་ཁྱེར་ཁེ་ལ་ཁོའོ་ཕུའུ་རུ་འཚོགས་པ་རེད།
         རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེ་ཕོ་ལན་ཁེ་ལ་ཁོའོ་ཕུའུ་ཁུང་ཙི་སློབ་གླིང་གིས་གཙོ་གཉེར་བྱས་པ་ཞིག་དང་དབྱིན་ཇིའི་ལན་ཁའེ་སི་ཐེ་སློབ་ཆེན་དང་། པེར་ཀྲེམ་གྱི་པུ་རུ་སེར་རང་དབང་སློབ་ཆེན། པུ་རུ་སེར་གྱི་ཀྲུང་གོ་དང་ཡོ་རབ་གནད་དོན་ཞིབ་འཇུག་ཁང་། ཨོ་སི་ཁྲུ་ལི་ཡའི་ཏི་ཅིན་སློབ་ཆེན་བཅས་དང་དེ་བཞིན་ཅེ་ཁེ་དང་། དབྱི་ཐ་ལི། ནོར་ཝེ། ཕོ་ལན། ཀྲུང་གོ་སོགས་ཀྱི་མཁས་དབང་30ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
         ཁེ་ལ་ཁོའོ་ཕུའུ་ཁུང་ཙི་སློབ་གླིང་གི་ཕོ་ལན་ཕྱོགས་ཀྱི་ཡོན་ཀྲང་གཡོད་ཨན་ན·ཝའར་ཏེ་ཅ་(རྒྱ་སྐད་མིང་ལ་དབང་གཡོད་ཞ་)ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཕོ་ལན་དང་ཀྲུང་གོ་སྔར་ནས་བཟུང་ཕན་ཚུན་སྤེལ་རེས་ཟབ་པས་ངས་རྒྱལ་ཁབ་གཉིས་དང་ཐ་ན་ཡོ་རོབ་ཧྲིལ་པོའི་སློབ་མའི་དབར་དང་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་རིག་གནས་སྤེལ་རེས་མུ་མཐུད་དེ་བས་ཟབ་ཏུ་དང་དེ་བས་རྒྱ་ཆེར་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད།
         པུ་རུ་སེར་གྱི་རང་དབང་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་སུང་ཤིན་ཉིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་དོན་ཆ་ཚང་བས་ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཐེབས་རྒྱུ་དང་ལམ་རྒྱུད་རྒྱལ་ཁབ་ཀྱི་རིམ་པ་ཁག་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་མ་ཟད། ཕྱོགས་མང་གཉིས་ཕན་ཡང་ཡོང་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།