འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་གསུམ་གྱིས་ཏང་འཛུགས་སྐྱོང་བྱེད་སྒོའི་གྲོན་དངུལ་ནས་མི་སྒེར་ལ་ཁ་གསབ་སྤྲད་
    མི་ཆོག་པའི་བྱ་ཐབས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་06ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་མ་གཏོང་བ། ཏང་འཛུགས་སྐྱོང་བྱེད་སྒོའི་གྲོན་དངུལ་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱ་ཆེད། ནོར་སྲིད་པུའུ་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་བཅས་ཀྱིས་ཉིན་ཤས་གོང་《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་བྱེད་སྒོའི་གྲོན་དངུལ་དོ་དམ་བྱ་ཐབས་》བཀྲམ་ཞིང་། 《བྱ་ཐབས་》ནང་ཏང་འཛུགས་སྐྱོང་བྱེད་སྒོའི་གྲོན་དངུལ་གཏོང་སྒོའི་ཁྱབ་ཁོངས་དང་། ཚད་གཞི། བྱེད་སྒོ་སྒྲིག་འཛུགས་བྱེད་ཐབས་བཅས་གཏན་འབེབས་ནན་པོ་བྱས་ཡོད། ཏང་འཛུགས་སྐྱོང་བྱེད་སྒོའི་གྲོན་དངུལ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་བྱེད་སྒོར་ཐད་ཀར་སྤྱོད་པའི་གཏོང་སྒོ་ཞིག་ཡིན་པ་ལས། འགྲིམ་འགྲིལ་གྱི་ཁ་གསབ་དང་ཁ་ལག་གི་ཁ་གསབ་ཚུད་པའི་རྣམ་པ་གང་རུང་གི་མི་སྒེར་གྱི་ཁ་གསབ་ལ་སྤྲད་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད། ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་སྐབས་ཏང་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ངེས་པར་དུ་རང་རྟོགས་ངང་སྒྲིག་འཛུགས་དང་རང་སའི་ཆ་རྐྱེན་གང་ལེགས་སྤྱད་དེ་མཉམ་སྡེབ་ཕྱོགས་ཐོན་བཀོད་སྒྲིག་གང་ཐུབ་བྱེད་དགོས། རྒྱུན་སྡོད་བྱ་ཡུལ་ཕུད་པའི་ས་ཆར་ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་བར་སྐྱོད་སྐབས་རྩ་དོན་ཐོག་ལོ་གཉིས་རེར་ཐེངས་གཅིག་ལས་བརྒལ་མི་ཆོག་པ་དང་སྤྱིར་ན་གནམ་གྲུར་སྡོད་ཆོག་གི་མེད།
         ནོར་སྲིད་པུའི་སྲིད་འཛིན་སྲིད་ཁྲིམས་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 《བྱ་ཐབས་》དེར་ཁྱོན་ས་བཅད་7དང་དོན་ཚན་27ཡོད་ཅིང་། དང་ཐོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ནོར་སྲིད་ཀྱི་མ་དངུལ་སྤྱད་དེ་ཏང་འཛུགས་སྐྱོང་གི་བྱེད་སྒོ་ཚད་ལྡན་བཟོས་ཡོད། 《བྱ་ཐབས་》ནང་ཚན་པ་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་སྐབས་ལོ་འཁོར་གྱི་སྒྲིག་ཁུངས་འཆར་གཞི་ལྟར་ཐོ་འགོད་སྙན་སེང་གི་ཞིབ་མཆན་དོ་དམ་བྱེད་དགོས། ཚན་པ་ཁག་གི་ཏང་འཛུགས་སྐྱོང་བྱེད་སྒོའི་འཆར་གཞིར་ཚན་པའི་ཏང་ཙུའི(ཏང་ཨུད་)ཚོགས་འདུའི་ཐོག་ཆོག་མཆན་ཐོབ་རྗེས་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་བཏོན་ཡོད། 《བྱ་ཐབས་》ནང་ཏང་འཛུགས་སྐྱོང་བྱེད་སྒོའི་གྲོན་དངུལ་གཏོང་སྒོའི་རྣམ་གྲངས་གཏན་འབེབས་བྱས་པའི་ནང་མོ་ཊ་བདལ་གླ་དང་། གྲོང་ཁྱེར་དབར་གྱི་འགྲིམ་འགྲུལ་གྲོན་དངུལ། ཁ་ལག་གི་གྲོན་དངུལ། ཞག་སྡོད་གྲོན་དངུལ། ས་ཆའི་གྲོན་དངུལ། སློབ་ཁྲིད་ཀྱི་གྲོན་དངུལ། དཔྱད་གཞིའི་གྲོན་དངུལ་སོགས་ཚུད་པ་དང་ཆབས་ཅིག འབྲེལ་ཡོད་ཚད་གཞི་དང་འགྲོ་སོང་གཏོང་བའི་ཐབས་ལམ་གཏན་འབེབས་ཁ་གསལ་བྱས་ཡོད། 《བྱ་ཐབས་》ནང་ཏང་འཛུགས་སྐྱོང་བྱེད་སྒོ་སྤེལ་བར་ངེས་པར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ལྟེ་བའི་ལས་དོན་དང་ཟུང་འབྲེལ་ལ་དོ་སྣང་བྱེད་པ། སྤུས་ཚད་ཀྱི་ཕན་འབྲས་ལ་དོ་སྣང་བྱེད་པ། ཕྱི་ཚུལ་རིང་ལུགས་སྔོན་འགོག་བྱེད་པ། ཏང་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཡུལ་བབ་དང་བསྟུན་ནས་རང་སའི་ཆ་རྐྱེན་གང་ལེགས་སྤྱོད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།