འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཡིས"ཚོགས་ཆུང་ཀུན་ལ་ཤར་གཏོང་ཐུབ་པའི"ལས་གྲྭར་བརྟེན་ནས་ཞིང་པའི་
    སྒོ་རྩར་ལམ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཟླ་8ཚེས་30ཉིན་གྲོང་གསེབ་ཀྱི“ཚོགས་ཆུང་ཀུན་ལ་ཤར་གཏོང་ཐུབ་པའི”ལས་གྲྭ་སྐྲུན་འགོ་བཙུགས་ཤིང་། སྲིད་གཞུང་གི་བུ་ལོན་མང་དུ་མི་གཏོང་བའི་སྔོན་འགྲོའི་འོག་མ་དངུལ་གྲབས་གསོག་བྱེད་སྟངས་གསར་གཏོད་བྱས་ཏེ། ཁྱོན་མ་དངུལ་སྒོར་དུང་ཕྱུར་485གྲབས་གསོག་གིས་གྲོང་ཚོའི་ཚོགས་ཆུང་ལ་ཤར་གཏོང་ཐུབ་པའི་ཨར་འདམ་གཞུང་ལམ་སྤྱི་ལེ་ཁྲི་9.7བསྐྲུན་ནས་2019ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི“ཚོགས་ཆུང་ཀུན་ལ་ཤར་གཏོང་ཐུབ་རྒྱུའི”དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
        ཀུའེ་ཀྲོའུ་ལ་ཐང་གཤོངས་མེད་པར་ག་ས་ག་ལ་རི་བོས་ཁེངས་ཡོད་པས་ཕྱིར་སྐྱོད་དཀའ་བ་ནི་གྲོང་གསེབ་དབུལ་སྒྲོལ་བྱེད་པའི་བཀག་རྡོ་ལྟ་བུར་གྱུར་ཡོད། དེར་བརྟེན། ཀུའེ་ཀྲོའུ་ཡི་དངོས་ཟོག་ཕྱིར་དབོར་བའི་ལམ་བུ་ཞིག་བསྐྲུན་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྡོག་མེད་ཆ་རྐྱེན་ཞིག་ཏུ་གྱུར་ཡོད། དེས་ན། ཀུའེ་ཀྲོའུ་ཡིས“ཚོགས་ཆུང་ཀུན་ལ་ཤར་གཏོང་ཐུབ་པའི”ལས་གྲྭ་བསྐྲུན་རྒྱུའི་སེམས་ཐག་བཅད་ཅིང་། “ཚོགས་ཆུང་ཀུན་ལ་ཤར་གཏོང་ཐུབ་པའི”གཞི་རྩའི་རྩ་དོན་ནི“གཞུང་ལམ་ཤར་གཏོང་མ་ཐུབ་ཚེ་གནས་སྤོ་རྒྱུ་དང་། གནས་སྤོ་མ་ཐུབ་ཚེ་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ”དེ་ཡིན་ལ་དུད་ཚང་30ཡན་གྱི་གྲོང་མིའི་ཚོགས་ཆུང་39110དང་འབྲེལ་བ་ཡོད་པ་རེད། འདི་ལོར་ཚོགས་ཆུང་ཀུན་ལ་ཤར་གཏོང་ཐུབ་པའི་ཨར་འདམ་གཞུང་ལམ་སྤྱི་ལེ་ཁྲི་2.5སྐྲུན་ཐུབ་པ་བྱ་རྒྱུ་དང་། 2018ལོར་སྤྱི་ལེ་ཁྲི་5བཀོད་སྒྲིག་བྱ་རྒྱུ་ཡིན་པའི་ནང་སྤྱི་ལེ་21801ཤིན་ཏུ་དབུལ་བའི་ས་ཁུལ་དུ་བསྐྲུན་རྒྱུ་ཡིན་པ་རེད།
         “ཚོགས་ཆུང་ཀུན་ལ་ཤར་གཏོང་ཐུབ་པའི”ལས་གྲྭ་སྐྲུན་པར་མི་ཁྲི་35གནས་སྤོ་དགོས་པས། ཀུའེ་ཀྲོའུ་ཡིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་གཅིག་སྡུད་བཀོད་སྒྲིག་བྱ་རྒྱུ་དང་། ལས་གནས་ལ་གཞིགས་ནས་སྤོ་རྒྱུ་གཏན་འཁེལ་བྱ་རྒྱུ་དང་ཐོན་ལས་ལ་གཞིགས་ནས་སྤོ་རྒྱུ་གཏན་འཁེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་གནས་སྤོས་མང་ཚོགས་ཀྱི་འཚོ་ཐབས་འགན་ལེན་དང་རྗེས་མཐུད་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱས་ནས། གནས་སྤོ་མཁན་ཚང་མ་སྡོད་ཁང་གསར་པའི་ནང་དུ་སྤོ་ཐུབ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྒྲོལ་དང་ཡུལ་གཞན་དུ་འཕེལ་རྒྱས་ཕྱུག་འགྱུར་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།