འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཛེས་སྡུག་ལྡན་པའི་འབྲུག་ཆུའི་རྣམ་པ་གསར་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “ཕ་ཡུལ་གྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་འབོད་པའི་འབྲུག་ཆུར་མཛེས་སྡུག་ལྡན་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཡུལ་ལྗོངས་དང་། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས། ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་པའི་དམངས་སྲོལ་གོམས་གཤིས། མཁྱེན་རྒྱ་ཡངས་པའི་ཆ་ཡིག་གི་རིག་གནས། ངོ་མཚར་ཡིད་དུ་འོང་བའི་མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་ལྗོངས་བཅས་གཞི་གཅིག་ཏུ་འདུས་པས་འཛམ་གླིང་སྐྱེ་བ་ཀུན་གྱི་མིག་དབང་ཅིག་ཅར་དུ་འཕྲོག
          སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་གཏོད་རུང་ཡུལ་དེའི་མང་ཚོགས་ཚོས་རྒྱུ་ཆ་རང་ས་ནས་བླངས་ཏེ་རྫ་ལེབ་དང་། སོ་ཕག རྡོ་ལེབ་བཅས་སྤྱད་ནས་ཐུན་མོང་མ་ཡིན་པའི་ཨར་སྐྲུན་རྣམ་པ་དང་གཙང་ལ་གྲལ་སྒྲིག་པའི་གྲོང་ཚོའི་སྒོ་ར་བསྐྲུན་ཡོད། ཀླུ་རི་གྲོང་ཚོས་ཀླུ་རིའི་གནའ་ཤུལ་གྱི་རྫ་སྐྱའི་རིག་གནས་དང་ཟུང་འབྲེལ་གྱིས་རྡོ་སྣ་ཚོགས་སྤྱད་ནས་གྲུབ་པའི“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ”དང“ཐཱན་ཉུང་འཚོ་བ་དང་། ལྗང་མདོག་ཕྱིར་སྐྱོད”ཀྱི་རིག་གནས་གྱང་བཟོས་པས་མི་རྣམས་ཀྱི་མཐོང་ཐོས་གསར་པར་གྱུར་ཡོད།
         ཆུ་བར་ཤང་གིས་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་དང་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་དམ་པོར་དམིགས་ནས་ཀླུ་རིར་རླམ་རྩྭ་ཕོ་སུལ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་ཕྱོགས་ཡོངས་ནས་བཙུགས་ཏེ“ཞིང་ཁྱིམ་སྤྲོ་ཁང”དང་། “ཆང་སྙོལ་ཁང”“ལོ་རྒྱུས་གནའ་ཤུལ་ལྟ་སྐོར” “ཆ་ཡིག་རིག་གནས་ཡུལ་སྐོར་གྲོང་ཚོ”སོགས་དམངས་ཕྱུག་ཐོན་ལས་གཙོ་གནད་ཐོག་སྐྱེད་སྲིང་བྱེད་པ་དང་སྣོད་བཅུད་ཁོར་ཡུག་ལེགས་གཏོང་དང་། དམངས་འཚོ་འགན་སྲུང་། སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་སྟེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་ཡོད།
         ད་ཕན་ལོ་ཤས་རིང་། འབྲུག་ཆུ་རྫོང་གིས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་དམངས་ཕྱུག་རྫོང་དར་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལྗང་མདོག་སྔོག་འདོན་བྱ་རྒྱུར་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཟབ་ཏུ་དང་སྒོ་མོ་རྒྱ་ཆེར་ཕྱེ་ནས་སྒུལ་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པ་དང་། ཐོན་ལས་དམངས་ཕྱུག་གི་མེ་ཏོག་རབ་ཏུ་བཞད་པ། བདེ་སྐྱིད་ཞི་མཐུན་གྱི་མེ་ཏོག་རྣམ་པར་བཀྲ་བ། མི་རིགས་མཐུན་སྒྲིལ་དར་རྒྱས་གོང་འཕེལ་བྱུང་བ། རྩ་སྲ་རྨང་བརྟན་གྱི་མེ་ཏོག་རབ་ཏུ་བཞད་པ་བཅས་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།