འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་གློག་དང་ཧྲེང་ཧྭ་ཀུང་སི་གཉིས་ཟླ་འགྲིལ་བཏང་ནས་བསྐྱར་སྒྲིག་བྱས་པས་ཀྲུང་དབྱང་
    ཁེ་ལས་98བར་ཉུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སི་དང་ཧྲེང་ཧྭ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་གཉིས་རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིར་ཟླ་འགྲིལ་བཏང་ནས་བསྐྱར་སྒྲིག་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་ལྟ་སྐུལ་བྱེད་པའི་ཀྲུང་དབྱང་ཁེ་ལས་98བར་ཉུང་དུ་ཕྱིན་ཡོད་པ་རེད།
         ཀྲུང་གོ་རྒྱལ་གློག་ཚོགས་པ་ཀུང་སི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་2002ལོའི་ཟླ་12ཚེས་29ཉིན་བཙུགས་པའི་གློག་འདོན་གཙོ་བོར་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་གློག་ཤུགས་ཚོགས་པ་ཞིག་ཡིན་པ་དང་། ཀུང་སི་དེ་གཙོ་བོ་གློག་ཁུངས་གསར་སྤེལ་དང་། མ་འཇོག འཛུགས་སྐྲུན། གཉེར་སྐྱོང་དོ་དམ། གློག་ཤུགས(ཚ་ཤུགས)ཐོན་སྐྱེད་དང་ཕྱིར་ཚོང་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད་པ་རེད། 2010ལོར་ཀུང་སི་དེ་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་གྲས་སུ་ཚུད་ཡོད་པ་དང་། 2017ལོར་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་ཨང་500ནས་397བར་འཕར་ཡོད་པ་རེད།
         ཧྲེང་ཧྭ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་ནི་1995ལོའི་ཟླ་10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་གཞུང་ཁོངས་ཀྱི་རྐང་འཛིན་ཁེ་ལས་གལ་ཆེན་ཞིག་དང་། རྡོ་སོལ་རྨང་གཞིར་བྱེད་པ་དང་གློག་ཤུགས་དང་། ལྕགས་ལམ། གྲུ་ཁ། མཁའ་ཐོག་སྐྱེལ་འདྲེན། རྡོ་སོལ་ལས་བཟོས་པའི་སྣུམ་དང་རྡོ་སོལ་རྫས་འགྱུར་བཟོ་ལས་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་སྐྱེད་དང་དབོར་འདྲེན། བྲིན་ཚོང་བཅས་གསུམ་ལུ་གུ་རྒྱུད་འབྲེལ་གྱི་རྣམ་པའི་ནུས་རྒྱུའི་ཁེ་ལས་ཧ་ཅང་ཆེན་པོ་ཞིག་རེད། མིག་སྔར་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་དང་དེང་རབས་ཅན་གྱི་ཚད་གཞི་མཐོ་ཤོས་ཀྱི་རྡོ་སོལ་ཁེ་ལས་དང་འཛམ་གླིང་ཐོག་གི་རྡོ་སོལ་མཁོ་འདོན་ཁེ་ལས་ཆེ་ཤོས་དེ་ཡིན་པ་རེད། ཧྲེང་ཧྭ་ཚོགས་པ་2017ལོར་བང་རིམ་འཛམ་གླིང་གི་སྟོབས་ཆེན་ཁེ་ལས་ཨང་500ནས་ཨང་276བར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།