འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེན་མོ་ལེ་
    དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པ་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་28ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེན་མོ་ལེ་
དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པ་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་འགོ་བརྩམས་པ།
           མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བ་དང་། བོད་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་འགོ་འཁྲིད་བརྟན་པོའི་འོག་ཏུ། ཏང་གི་བོད་སྐྱོར་སྲིད་ཇུས་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དང་། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ་བཅས་ཀྱི་རྣམ་པ་བཟང་པོ་ཕྱི་རུ་ངོམ་ཆེད། སི་ཁྲོན་མི་དམངས་རླུང་འཕྲིན་ལས་ཁུངས་ཀྱིས་བོད་ལྗོངས་དང་མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ཀྱི་རླུང་འཕྲིན་ལས་ཁུངས་ལ་མཉམ་འབྲེལ་བྱས་ཏེ། གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེན་མོ་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པ་སྒྲིག་འཛུགས་བྱས་པ་དང་། ཟླ་8ཚེས་28ཉིན་གྱི་ཆུ་ཚོད་9:00ཐོག བྱེད་སྒོ་ཆེན་པོ་འདི་ལྷོ་ནུབ་ཕྱོགས་ནས་ལྡང་བའི་བསིལ་རླུང་འཇམ་པོ་ཞིག་གིས་ཚ་དུབ་ཀྱི་གདུང་བ་རབ་ཏུ་བཅོམ་ནས་སྐྱེ་དགུའི་ལུས་ལ་བདེ་བ་དཔག་ཏུ་མེད་པ་ཞིག་སྦྱིན་པའི་དུས་བཟང་སླེབས་པ་དང་བསྟུན་ནས་ཁྲེང་ཏུའུ་གྲོང་ཁྱེར་གྱི་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་དངོས་སུ་སྤེལ་འགོ་རྩོམ་པའི་མཛད་སྒོ་འཚོགས་པ་རེད།
         འགོ་ཚུགས་མཛད་སྒོ་ལ། སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཞའོ་ཅུན་(李晓骏)དང་སི་ཁྲོན་རླུང་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ལིའུ་ཁྲེང་ཨན་(刘成安)གཉིས་ཞུགས་ནས་གསར་འགྱུར་བཅར་འདྲིའི་ཚོགས་པར་དར་ཆ་གནང་བ་དང་། གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེན་པོ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། སི་ཁྲོན་རླུང་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཝེ་མིང་(魏鸣)གིས་ཐེངས་འདིའི་བཅར་འདྲིའི་བྱེད་སྒོ་ཆེན་པོ་ལེགས་འགྲུབ་ཡོང་བའི་སྨོན་ཚིག་དང་ཤིས་ཚིག་ཕུལ་བ་རེད། སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་ཐེངས་འདིའི་བྱེད་སྒོ་ཆེན་ཞུགས་པའི་གསར་འགོད་པ་ཡོངས་ཀྱི་ཚབ་བྱས་ནས་རྣམ་འགྱུར་མཚོན་པའི་གཏམ་བཤད་བྱས་པ་རེད། 
         ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེན་མོ་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པ་འདི་ནི། ཟླ་8ཚེས་28ཉིན་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ནས་འགོ་བརྩམས་ཏེ། ཟླ་9པའི་ཟླ་མཇུག་ལ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་མཇུག་བསྒྲིལ་རྒྱུའི་འཆར་གཞི་བཀོད་ཡོད་ལ། བཅར་འདྲིའི་ཚོགས་པ་ནི་སི་ཁྲོན་བརྒྱུད་ནས་བོད་ལྗོངས་སུ་བསྐྱོད་པའི་ལམ་ཐིག་དང་མཚོ་སྔོན་བརྒྱུད་ནས་བོད་ལྗོངས་སུ་བསྐྱོད་པའི་ལམ་ཐིག་གཉིས་སུ་བགོས་ནས་ལྗོངས་ཞིང་ལྔའི་བོད་ཁུལ་ཡོངས་སུ་རིམ་པ་བཞིན་དུ་བསྐྱོད་ནས་ས་གནས་སོ་སོའི་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པ་དང་མི་རིགས་འཆམ་མཐུན་གྱི་གནས་སྟངས་བཟང་པོ་ཅི་འདྲ་ཡོད་པ་རྣམས་ཆེད་དུ་སྒྲོག་གཏོང་བྱ་རྒྱུ་ཡིན་པར་མ་ཟད། ལྗོངས་ཞིང་ལྔའི་གསར་འགྱུར་སྨྱན་བྱེད་ཁག་གིས་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ནས་རླུང་འཕྲིན་ཐད་གཏོང་དང་རིམ་གཏོང་བྱ་རྒྱུ་དང་། སྣ་འདུས་སྨྱན་བྱེད་སྡེ་ཁག་ཁག་གིས་སྒྲ་གཟུགས་པར་རིས་སོགས་ཀྱི་རྣམ་པའི་ཐོག་ནས་དུས་ཐོག་ཏུ་སྒྲོག་གཏོང་བྱ་རྒྱུ་རེད།
         སི་ཁྲོན་བརྙན་འཕྲིན་ཁང་སོགས་ཀྱིས་མཚོན་པའི་གསར་འགྱུར་སྨྱན་བྱེད་བཅུ་ལྷག་གི་གསར་འགོད་པ་དང་། ཐེངས་འདིའི་བྱེད་སྒོ་ཆེན་པོར་ཞུགས་པའི་ལྗོངས་ཞིང་ལྔའི་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ། སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ལས་བཟོ་བ་ཡོངས་བཅས་ཐེངས་འདིའི་བྱེད་སྒོ་ཆེན་པོ་སྤེལ་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་རེད། ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ། ཚེ་རིང་རྡོ་རྗེ།
    ༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེན་མོ་ལེ་
དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པ་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་འགོ་བརྩམས་པ།
    ༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེན་མོ་ལེ་
དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པ་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་འགོ་བརྩམས་པ།
    ༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེན་མོ་ལེ་
དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པ་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དུ་སྤེལ་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།