འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོའི་པའེ་ཆིའུ་ཨེན”གྱི་ཞབས་རྗེས་འདེད་ནས་མདུན་དུ་བསྐྱོད།

    —— ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་19པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 1975ལོའི་ཟླ་8པར་ཨེ་ཙེ་ཨོ་ཕི་ཡར་གནོད་འཚེའི་གནད་དོན་ཚབས་ཆེན་ཐོན་ཞིང་། གེགས་སེལ་ལ་ཞུགས་པའི་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་དང་པོའི་རུ་དཔོན་མེ་ཀེང་ཉན་ལས་ཀའི་དོན་དུ་སྟབས་མི་ལེགས་པར་འཁོར་འཛོལ་ནང་རང་སྲོག་ཤོར། ཁོང་ལ་མི་རྣམས་ཀྱིས་ཨ་ཧྥེ་རི་ཁར་ཡོད་པའི“ཀྲུང་གོའི་པའེ་ཆིའུ་ཨེན”ཞེས་འབོད།
          ཨེ་ཙེ་ཨོ་ཕི་ཡ་སྲིད་གཞུང་གིས་མེ་ཀེང་ཉན་གྱི་བང་སོའི་མདུན་དུ་རྡོ་ཀ་མ་རུའི་རྡོ་རིང་གསུམ་བཙུགས་ནས་ཁོང་གི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་ལ་དྲན་གསོ་ཞུ་བཞིན་ཡོད།
          ལོ་40ལྷག་ཙམ་རིང་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་དོན་མི་སྣ་ཁག་ཐེངས་རེ་རེས་མེ་ཀེང་ཉན་གྱི་རྐང་རྗེས་འདེད་ནས་ཨེ་ཙེ་ཨོ་ཕི་ཡའི་ས་མཐོར་ལེགས་སྐྱེས་འབུལ་བཞིན་མཆིས།
          ཀྲུང་གོ་སྲིད་གཞུང་གིས་སྐྲུན་རོགས་བྱས་པའི་ཨེ་ཙེ་ཨོ་ཕི་ཡའི་ཏི་ལུའུ་ནེ་ཧྲེ-པེ་ཅིང་སྨན་ཁང་ནི་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་དང་བར་ཐག་སྤྱི་ལེ་25ཡོད་པ་དང་རྫ་ལེབ་ཐལ་མདོག་དང་གྱང་དཀར་པོ་ལས་གྲུབ་པའི་ཁང་པ་མང་པོ་ཞིག་ལས་ཀྲུང་གོའི་ཁྱད་ཆོས་ངང་གིས་མངོན་འོང་གི་འདུག 2016ལོའི་ཟླ་8པ་ནས་བཟུང་། ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་19པས་དེ་གར་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་མཛའ་གྲོགས་འབྲེལ་བའི་ལེའུ་གསར་པ་བརྩམས་དང་རྩོམ་མུས་ཡིན།
         སྨན་བཅོས་རུ་ཁག་གི་ཁོངས་མི་16ཚང་མ་ཧོ་ནན་ཀྲོའུ་ཁོའུ་གྲོང་ཁྱེར་ལྟེ་བའི་སྨན་ཁང་དང་ཧོ་ནན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་ནས་ཡོང་བ་ཤ་སྟག་རེད། འདི་ལོ་ལོ་53ལ་སླེབས་པའི་ཀྲང་ཞའོ་ཡང་ནི་སྨན་བཅོས་རུ་ཁག་གི་རུ་དཔོན་ཡིན་པ་དང་གསར་འགོད་པར་ཁོང་འཕྲད་སྐབས་ཁོང་ICUནད་ཁང་དུ་ཡུལ་དེའི་སྨན་པར་མཛུབ་ཁྲིད་བྱེད་བཞིན་འདུག
         ལོ་གཅིག་གོང་ཀྲང་ཞའོ་ཡང་ལོ་ན་བགྲེས་པའི་ཕ་མ་གཉིས་དང་གྱེས་ཏེ་ཨེ་ཙེ་ཨོ་ཕི་ཡར་བསྐྱོད། ཀྲང་ཞའོ་ཡང་གི་ཨ་ཕ་རི་འགོག་དམག་འཁྲུག་ལ་ཞུགས་མྱོང་བ་དང་ད་ལོ་ལོ་94ལ་སླེབས་ཀྱི་ཡོད། ལོ་ན་བགྲེས་པ་དང་ཀླད་རྩ་འཁུམས་པའི་དབང་གིས་རང་ཉིད་ཀྱི་གཉེན་ཉེ་ཡང་ངོ་མ་ཤེས་པའི་གནས་ཚུལ་ཡང་སེ་ཐོན་གྱི་ཡོད་སྟབས་ངེས་པར་དུ་ལྟ་སྐྱོང་བྱས་ན་མ་གཏོགས་བརླག་པའི་ཉེན་ཁ་ཆེན་པོ་ཡོད་པ་དང་། ཀྲང་ཞའོ་ཡང་གི་ལོ་87ལ་སོན་པའི་ཨ་མའང་མལ་སར་ལུས་ཏེ་ལོ་6སོང་ཡོད།
          ཁ་མ་གྱེས་གོང་ཀྲང་ཞའོ་ཡང་གིས་ཨ་མར་གུས་ཕྱག་ལན་གསུམ་འཚལ་སྐབས་ཨ་མའི་དྲན་ཤེས་ཉམས་ནའང་མིག་གཉིས་མཆི་མས་བརླན་པ་དེ་ནི་ཕྲུ་གུ་དང་བྲལ་མི་འདོད་པས་ཡིན་ཤས་ཆེ། སྐབས་དེ་ནས་བཟུང་ཀྲང་ཞའོ་ཡང་གི་སེམས་ལ་ཨ་ཧྥེ་རི་ཁར་སླེབས་རྗེས་ངེས་པར་དུ་ལས་ཀར་སྔར་ལས་ལྷག་པའི་འབད་བརྩོན་བྱ་རྒྱུའི་དམ་བཅའ་བཞག
          “ཚང་མས་མ་བུ་སེམས་པ་གཅིག་ལ་འབྲེལ་ཡོད་ཅེས་བརྗོད་པ་ལྟར་ཨ་མ་ལགས་ཀྱིས་ཀྱང་ང་དང་བྲལ་འདོད་གཏན་ནས་གནང་གི་མི་འདུག”ཅེས་སྐབས་དེ་དུས་ཀྱི་སྣང་ཚུལ་ཡིད་ལ་འཁོར་རིམ་བཞིན་ཀྲང་ཞའོ་ཡང་གི་མིག་ཟུང་མཆི་མས་བརླན་ནས་རབ་རིབ་ཏུ་འགྱུར་གྱི་ཡོད།
          ཨེ་ཙེ་ཨོ་ཕི་ཡར་སླེབས་རྗེས་ཀྲང་ཞའོ་ཡང་གི་ཨ་ཕ་རྒྱལ་ནང་དུ་གློ་བུར་དུ་སྙིང་རྩ་འགགས་ནས་སྲོག་ཉེན་འཕྲད། རུ་ཁག་གི་ལས་ཀར་ཤུགས་རྐྱེན་ཐེབས་དོགས་ཀྱིས་ཀྲང་ཞའོ་ཡང་གིས་གནས་ཚུལ་དེ་ལས་རོགས་ལ་བཤད་མེད། ཨ་ཕ་སྲོག་ཉེན་ལས་ཐར་རྗེས་ཚང་མས་གཞི་ནས་གནས་ཚུལ་དེ་ཤེས་པ་རེད།
         2016ལོའི་ཟླ་8ཚེས་14ཉིན་ཨེ་ཙེ་ཨོ་ཕི་ཡར་སླེབས་པ་དང་དུས་ཡུན་ལོ་གཅིག་གི་རོགས་སྐྱོར་བྱེད་ཡུན་ཐིམས་ལ་ཉེ་བས། ཀྲང་ཞའོ་ཡང་གི་སེམས་ལ་སྔ་ཙམ་ཕ་མའི་འགྲམ་དུ་ལོག་སྟེ་ཁོང་གཉིས་ལ་བསྙེན་བཀུར་བསྒྲུབ་རྒྱུ་བྱུང་ན་ཅི་མ་རུང་སྙམ་གྱི་ཡོད།
          བུད་མེད་ཚན་ཁག་ནི་ཏི་ལུའུ་ནེ་ཧྲེ—པེ་ཅིང་སྨན་ཁང་གི་བྲེལ་བརྩོན་ཆེ་ཤོས་ཀྱི་ཚན་ཁག་ཅིག་ཡིན་ཞིང་། སྨན་ཁང་གི་གཤགས་བཅོས་བརྒྱ་ཆ་བརྒྱད་ཅུ་ཚང་མ་བུད་མེད་ཚན་ཁག་གི་གཤགས་བཅོས་ཡིན་པ་རེད།
          སྨན་ཁང་གི་ནད་ཁང་དུ་ཕྲུ་གུ་སྐྱེས་མ་ཐག་པའི་ཨོའར་ཁུའུ་ཡི་འགྲམ་དུ་ཁོང་གི་བུ་མོ་མཚེ་མ་ཉལ་ནས་བསྡད་ཡོད། ཕྲུ་གུ་མཚེ་མ་དེ་མ་སྐྱེས་གོང་ཨོའར་ཁུའུ་ཡིས་དེ་སྔ་གཤགས་བཅོས་བྱས་ནས་ཕྲུ་གུ་སྐྱེ་མྱོང་བས། ད་རེས་ཀྱང་གཤགས་བཅོས་བྱས་ནས་ཕྲུ་གུ་མ་སྐྱེ་ཀ་མེད་བྱུང་སྟབས་ཨོའར་ཁུའུ་རང་ཉིད་དང་ཕྲུ་གུ་གཉིས་ཀར་ཉེན་ཁ་ཅུང་ཆེ་ཙམ་འཕྲད་པས་ཡིན།
         ཀྲུང་གོའི་སྨན་པ་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ཕྲུ་གུ་གཉིས་བདེ་བླག་ངང་སྐྱེ་ཐུབ་པ་བྱུང་བས་ཨོའར་ཁུའུ་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ“སྨན་ཁང་འདིར་ཀྲུང་གོའི་སྨན་པ་ཡོད་པ་ཤེས་པས་ང་ཚོས་འདི་གར་ཡོང་བ་ཡིན། ངའི་ཕྲུ་གུ་གཉིས་བདེ་ཐང་ངང་སྐྱེ་ཐུབ་པ་བྱུང་བར་ཀྲུང་གོའི་སྨན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
          ཡུལ་དེའི་སྨན་པ་ལི་ཏའེ་ཐེས་ཀྲུང་གོའི་སྨན་བཅོས་རུ་ཁག་དང་མཉམ་དུ་ལས་ཀ་བྱས་ནས་ལོ་གཅིག་ཙམ་སོང་ཞིང་། ཁོང་གིས་ཀྲུང་གོའི་སྨན་པ་རྣམས་ལོ་ན་ཆུང་ཆུང་རེད། རང་ཉིད་ཀྱི་ཕ་མ་དང་ཕྲུ་གུ་ཡོད་ཀྱང་མེས་རྒྱལ་ནས་རྒྱང་ཐག་རིང་བའི་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་པར་ཡོང་བ་དངོས་གནས་ཧ་ཅང་རླབས་ཆེན་ཞིག་རེད། ཀྲུང་གོའི་སྨན་བཅོས་རུ་ཁག་འདི་གར་སླེབས་པ་ནས་བཟུང་། དེ་སྔ་སྨན་བཅོས་མ་ཐུབ་པའི་ནད་གཞི་མང་པོ་ཞིག་བཅོས་ཐུབ་སོང་ཞེས་བཤད།
          ཉེ་བའི་ལོ་གཅིག་རིང་དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ཁོར་ཡུག་དེ་འདྲའི་ཁྲོད་སྨན་བཅོས་རུ་ཁག་ཁག་19པས་མི་ཐེངས་7000ལ་ནད་གཞི་བརྟག་དཔྱད་བྱས་པ་དང་། གཤགས་བཅོས་700ལྷག་ཙམ་བྱས་པ། རྒྱུན་གཏན་གྱི་སྐྱེ་བསུ་མི་ཐེངས་370བྱས་པ། སྐྱེ་བཙའ་དཀའ་བའི་སྐྱེ་བསུ་མི་ཐེངས་200ཙམ་བྱས་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཧྲོའུ་པའོ་ཡིས།
      

    ཕྱོགས་བསྡུས་གསར་འགྱུར།