འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།འོས་འགན་སློབ་གསོའི་གཅིག་གྱུར་རྩོམ་སྒྲིག་གི་བསླབ་གཞི་གསུམ་ཟླ་9ཚེས་1ཉིན་ནས་
    བཟུང་རྒྱལ་ཡོངས་སུ་སྤྱོད་རྒྱུ་ཡིན་པ

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོར་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་ལོ་རིམ་དང་པོ་དང་གཉིས་པར་ཁྱབ་པ་བྱ་རྒྱུ་དང་2019ལོར་ལོ་རིམ་ཚང་མར་གཅིག་གྱུར་རྩོམ་སྒྲིག་གི་བསླབ་གཞི་སྤྱོད་རྒྱུ་ཡིན་པ། སློབ་གསོ་པུའུ་ཡིས་གཅིག་གྱུར་སྒྲིག་འཛུགས་བྱས་ནས་གསར་དུ་རྩོམ་སྒྲིག་བྱས་པའི་འོས་འགན་སློབ་གསོའི་ཀུན་སྤྱོད་དང་ཁྲིམས་སྐྱོང་དང་། སྐད་ཡིག ལོ་རྒྱུས་བཅས་ཀྱི་བསླབ་གཞི་ཟླ་9ཚེས་1ཉིན་རྒྱལ་ཡོངས་སུ་དངོས་སུ་སྤྱོད་རྒྱུ་ཡིན་པ་རེད། བསླབ་གཞི་གསུམ་གཅིག་གྱུར་རྩོམ་སྒྲིག་དང་གཅིག་གྱུར་བེད་སྤྱོད་དང་ལོ་གསུམ་ནང་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུའི་བླང་བྱ་གཞིར་བཟུང་2017ལོའི་སྟོན་དུས་ཀྱི་སློབ་དུས་སུ་རྒྱལ་ཡོངས་ཀྱི་ས་ཁུལ་ཡོད་དོ་ཅོག་གི་སློབ་ཆུང་ལོ་རིམ་དང་པོ་དང་དམའ་རིམ་སློབ་འབྲིང་གི་ལོ་རིམ་དང་པོར་གཅིག་གྱུར་རྩོམ་སྒྲིག་གི་བསླབ་གཞི་སྤྱོད་རྒྱུ་དང་2018ལོར་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་ལོ་རིམ་དང་པོ་གཉིས་པར་ཁྱབ་པ་བྱ་རྒྱུ་དང་2019ལོར་ལོ་རིམ་ཚང་མར་གཅིག་གྱུར་རྩོམ་སྒྲིག་གི་བསླབ་གཞི་སྤྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།