འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་རྩ་འཛུགས་པུས་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་གསར་
    བརྗེའི་རྟེན་གཞིའི་ཁུལ་རྙིང་པར་བློ་འདྲི་ཞབས་ཞུའི་བྱེད་སྒོ་སྤེལ་བར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། ཡོན་ཧྲི་དང་རིགས་གཅིག་མཁས་ཅན་ཧོ་པེ་དང་། ཅང་ཤིས། ཀུའེ་ཀྲོའུ་སོགས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པར་སྐྱོད་པའི་བློ་འདྲི་ཞབས་ཞུའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བཟོ་འཕྲིན་པུའུ་དང་། ཀྲུང་གོ་བཟོ་སྐྲུན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་སོགས་སྡེ་ཚན་10དང་མཉམ་དུ་སྒྲིག་འཛུགས་བྱས་པ་ཞིག་རེད།
        འདི་ལོའི་ཟླ་བརྒྱད་པའི་ཟླ་མཇུག་ནས་ཟླ་དགུ་པའི་ཟླ་སྨད་བར་ཡིན་པའི་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཞབས་ཞུའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས”དང“གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པར་ཞབས་འདེགས་ཞུ་བ”“གནད་སྨིན་དབུལ་སྐྱོར”བཅས་ཡིན་ཞིང་། གཙོ་བོ་རྒྱལ་ཁབ་དང་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཐག་གཅོད་བྱེད་དགོས་ངེས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་བཅས་ལ་དམིགས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ལག་རྩལ་སློབ་པ། གྲུབ་འབྲས་ཁྱབ་གདལ་སོགས་ཐད་རྒྱབ་སྐྱོར་བྱས་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་རེད། ཅང་ཤིས་སུ་ཐེངས་དང་པོ་སྐྱོད་མཁན་གྱི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་30ཡི་ནང་ཡོན་ཧྲི་རྒན་གྲས་དང་རིགས་གཅིག་མཁན་ཅན་རྒན་གྲས་ཡོད་ལ། གཟེངས་སུ་ཐོན་པའི་གཞོན་དར་རིགས་གཅིག་མཁས་ཅན་ཡང་ཡོད་པ་དེ་ནི་ཅང་ཤིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་མིང་བཏོན་ནས་གདན་འདྲེན་ཞུས་པ་རེད།
         ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཞབས་ཞུའི་བྱེད་སྒོ་སྤེལ་བ་ལས་ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་ལེགས་ཆ་དང་། ལག་རྩལ་གྱི་ལེགས་ཆ། ཆ་འཕྲིན་གྱི་ལེགས་ཆ་བཅས་ས་གནས་ཁག་གི་རང་བྱུང་ཐོན་ཁུངས་དང་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་དང་ཟུང་འབྲེལ་དམ་ཚགས་ཐུབ་པ་མ་ཟད། རིམ་པ་མཐོ་བའི་ཤེས་ལྡན་མི་སྣས་ས་གནས་ལ་ཞབས་འདེགས་ཞུ་བའི་ལས་སྟེགས་བསྐྲུན་ནས་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྐྱོད་པ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐབས་ལམ་རྒྱ་ཆེར་བཏང་བས། ནུབ་རྒྱུད་ས་ཁུལ་དུ་ཤེས་ལྡན་མི་སྣ་དེ་བས་ལེགས་པའི་སྒོ་ནས་ནང་འདྲེན་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2004ལོ་ནས་བཟུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པའི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱི་བློ་འདྲི་ཞབས་ཞུའི་བྱེད་སྒོའི་ནང་ད་བར་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་600ལྷག་ཙམ་གྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་20ལ་བློ་འདྲི་ཞབས་ཞུའི་བྱེད་སྒོ་སྤེལ་བར་དགའ་བསུ་ཆེན་པོ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།