འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཆེན་གངས་རྒྱབ་ཀྱི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་སྲུང་སྐར་དྲ་སྦྲེལ་ཤར་
    གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་གྱི་ཕྱི་དྲོ། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་སྲུང་སྐར་འཕྲིན་གཏོང་གཏན་འཇགས་ས་ཚིགས་བཙུགས་པ་དེ་ཐོག་ནས་མཚོ་བོད་ས་མཐོའི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་དང་པོ་དྲ་སྦྲེལ་བརྒྱུད་འཛམ་གླིང་དང་འབྲེལ་མཐུད་ཐུབ་པ་མཚོན་པ་རེད།
          ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ཡན་ཧའེ་ཡིས་ཚེས་29ཉིན་གྱི་ཕྱི་དྲོ་ཨ་ཆེན་གངས་རྒྱབ་སྲུང་སྐར་དྲ་སྦྲེལ་རོགས་སྐྲུན་འདུ་འགོད་ཀྱི་འགན་འཁྲི་ཁུར་མཁན་རྒྱལ་ནང་གི་སྲུང་སྐར་འཕྲིན་གཏོང་ཀུང་སི་གཉིས་ཀྱིས་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་སྲུང་སྐར་འཕྲིན་གཏོང་གཏན་འཇགས་ས་ཚིགས་བཙུགས་པ་དང་། དེ་ནས་བཟུང་ཨ་ཆེན་གངས་རྒྱབ་ཏུ་དྲ་རྒྱའི་འཕྲིན་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་ཀྲུང་གོའི་མི་མེད་ཁུལ་ཆེན་པོ་བཞིའི་ནང་དྲ་སྦྲེལ་ཤར་གཏོང་ཐུབ་པའི་ཁུལ་དང་པོར་གྱུར་བ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། སྲུང་སྐར་འཕྲིན་གཏོང་ལག་རྩལ་ལ་བརྟེན་པའི་དྲ་སྦྲེལ་བརྒྱུད་གཏོང་དང་གནས་གཏན་འཁེལ་མ་ལག་གཅིག་རྗེས་གཉིས་མཐུད་ངང་ཨ་ཆེན་གངས་རྒྱབ་ཀྱི་རྩོ་ནག་མཚོ་དང་སྨུག་སའི་སོག་ལམ་སོགས་སྲུང་སྐྱོང་ས་ཚིགས་གཞན་དག་4དང་དེ་བཞིན་སྲུང་སྐྱོང་ས་ཚིགས་ཀྱི་འཛུལ་སྒོ་དང་ཐོན་སྒོ་དང་ལྟ་ཞིབ་ཚད་འཇལ་ས་ཚིགས་སུ་སྤྱོད་རྒྱུ་རེད། སླད་ཕྱིན་ལོ་ཤས་ནང་ཨ་ཆེན་གངས་རྒྱབ་ཀྱི་སྲུང་སྐྱོང་ས་ཚིགས་ཁག་ཏུ་ཕྱོགས་ཡོངས་ནས་ཕྱི་ནང་འབྲེལ་མཐུད་ཐུབ་ནས་རི་སྲུང་རུ་མིས་ལྐོག་རྔོན་ངོ་རྒོལ་དང་། ཁྲིམས་འགལ་ངང་སྲུང་སྐྱོང་ཁུལ་སྒྲོལ་རྒྱུ་ངོ་རྒོལ། རོགས་སྐྱོབ་སོགས་རྒྱུན་ལྡན་གྱི་ལས་དོན་སྤེལ་བར་སྟབས་བདེ་དེ་བས་མང་བ་དང་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་ཐུབ་རེ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།