འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་སྒུལ་མོ་ཊའི་ས་མཐོའི་འོད་ཤུགས་གློག་གསོག་ས་ཚིགས་ཐོག་མ་ཚོད་ལྟའི་གཉེར་སྐྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཉི་ནུས་འོད་ཤུགས་དང་ཚ་དྲོད་བེད་སྤྱོད་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་འགན་འཁུར་བས་བཤད་དོན། བོད་ལྗོངས་ཀྱི་ཉི་ནུས་བཀོལ་སྤྱོད་ཁྱབ་ཁོངས་ཐད་ཚན་ཞིབ་ཀྱི་གྲུབ་འབྲས་གསར་པ་ཞིག་ཐོབ་པ་སྟེ—ས་མཐོར་བཀོལ་སྤྱོད་ཆོག་པའི་གློག་སྒུལ་མོ་ཊའི་འོད་ཤུགས་གློག་གསོག་ས་ཚིགས་ཉིན་ཤས་གོང་བོད་ལྗོངས་སུ་ཞིབ་བཟོ་ལེགས་གྲུབ་བྱུང་ནས་ཚོད་ལྟའི་གཉེར་སྐྱོང་བྱས་པ་རེད། མིག་སྔར། འོད་ཤུགས་གློག་གསོག་ས་ཚིགས་ནས་རྒྱུན་གཏན་དང་བདེ་འཇགས་ངང་གློག་སྒུལ་མོ་ཊར་གློག་གསོག་ཐུབ་ཀྱི་ཡོད་པ་རེད།
           ལོ་མང་གི་ལྟ་ཞིབ་ཚད་ལེན་གྲངས་གཞིར་སྡོམ་རྩིས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་ཉི་མའི་ཁྱབ་འགྱེད་སྤྱི་འབོར་ཚད་ལྡན་གྱི་རྡོ་སོལ་ལ་ཕབ་ན་ལོ་རེར་ཏུན་དུང་ཕྱུར་3500ནས་ཏུན་དུང་ཕྱུར་4000བར་ཡིན་ཞིང་། རྒྱལ་ཁབ་སྡོམ་རྩིས་ཅུས་ནས་ཁྱབ་བསྒྲགས་བྱས་པའི་《2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྡོམ་རྩིས་སྤྱི་བསྒྲགས་》ནང་། 2013ལོ་ཧྲིལ་པོའི་ནུས་རྒྱུ་འཛད་སྤྱོད་བྱེད་ཚད་ཀྱི་སྤྱི་འབོར་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་37.5ཡིན་པ་དང་། ཚིག་གཞན་ཞིག་ནས་བཤད་ན། 2013ལོར་བོད་ལྗོངས་ཀྱི་ཉི་མའི་ཁྱབ་འགྱེད་ནུས་པ་ཚད་ལྡན་རྡོ་སོལ་ལ་ཕབ་ན་ལོ་གཅིག་གི་སྤྱི་འབོར་དེ་རྒྱལ་ཡོངས་ཀྱི་ནུས་རྒྱུ་ལོ་100ཙམ་འཛད་སྤྱོད་བྱས་པ་དང་འདྲ་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།