འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱི་ནང་བློན་ཁང་གིས་ཐེ་ལན་དང་ཀྲུང་གོའི་ལྕགས་ལམ་མཉམ་ལས་རྣམ་གྲངས་ཀྱི་དུས་
    ཐེངས་དང་པོའི་ལྟ་སྐུལ་དོ་དམ་གྱི་གན་རྒྱར་ཆོག་མཆན་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་ཐེ་ལན་དང་ཀྲུང་གོའི་ལྕགས་ལམ་མཉམ་ལས་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་(པང་ཁོག—ཁོ་ལེ་དུམ་བུ་བར)ཇུས་འགོད་གན་རྒྱར་ཆོག་མཆན་སྤྲད་རྗེས་ཚེས་29ཉིན་ཐེ་ལན་གྱི་ནང་བློན་ཁང་གིས་རྣམ་གྲངས་དེའི་ལྟ་སྐུལ་དོ་དམ་གན་རྒྱར་ཆོག་མཆན་སྤྲད་པ་རེད།
           ཐེ་ལན་གྱི་ཙུང་ལིའི་ལས་ཤག་གི་པུའུ་ཀྲང་གཞོན་པ་ཀེ་ཧྲ་ཡིས་ཚོགས་འདུ་གྲོལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སྔོན་རྩིས་ལེགས་སྒྲིག་བྱས་པ་གཙོ་བོ་ནི་འཛུགས་སྐྲུན་བདེ་འཇགས་སོགས་ཀྱི་ལས་ཀའི་ནང་དོན་གསར་པ་བཅུག་ཡོད་པས་ཡིན་ཞེས་བཤད།
           ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཉེ་ཆར་ཡོངས་བསྒྲགས་བྱས་པར་གཞིགས་ན་མིག་སྔར་ཀྲུང་གོ་དང་ཐེ་ལན་ཕྱོགས་གཉིས་ཀྱིས་དུས་ཚོད་དམ་འཛིན་གྱིས་ལས་དོན་སྤེལ་ཏེ་ཟླ་9པའི་ཟླ་འགོར་འབྲེལ་ཡོད་ཀྱི་གན་རྒྱར་མིང་རྟགས་འགོད་པར་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་དང་། ཡོངས་བསྒྲགས་ནང་རྣམ་གྲངས་འཛུགས་སྐྲུན་དེ་འདི་ལོའི་ཟླ་10པར་འགོ་འཛུགས་ཐུབ་པའི་རེ་བ་ཡོད་ཅེས་བཤད།
          ཀྲུང་གོ་དང་ཐེ་ལན་གྱི་ལྕགས་ལམ་མཉམ་ལས་རྣམ་གྲངས་ཀྱིས་ཐེ་ལན་ལ་ཚད་ལྡན་ལྕགས་ལམ་གྱི་མྱུར་བགྲོད་ལྕགས་ལམ་ཞིག་བསྐྲུན་རྒྱུ་ཡིན་པ་དང་། དུས་ཐེངས་དང་པོའི་ལས་གྲྭའི་སྤྱིའི་རིང་ཚད་ལ་སྤྱི་ལེ་253ཡོད་པ་དང་ཆུ་ཚོད་རེར་མྱུར་ཚད་མཐོ་ཤོས་སྤྱི་ལེ་250ཇུས་འགོད་བྱས་ཡོད། དུས་ཐེངས་གཉིས་པའི་ལས་གྲྭས་ལྕགས་ལམ་དེ་ལོ་སིའི་རྒྱལ་ས་ཝན་ཐེན་དང་གཙང་པོ་གཅིག་གི་བར་ཆོད་ཡོད་པའི་ལང་ཁའེ་ཧྥུ་རུ་སྣུར་སྲིང་བྱ་རྒྱུ་དང་འབྲེལ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་མོ་ཏིང་ནས་ཝན་ཐེན་དུམ་བུ་བར་སྦྲེལ་མཐུད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།