འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མུའུ་སི་ལིན་གྱི་ཀྲུང་གོའི་གནས་མཇལ་བ་ཚང་མ་མའེ་ཁར་འབྱོར་ནས་དངོས་སུ་གནས་མཇལ་
    བྱ་རྒྱུའི་གྲ་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སོ་ཏི་ཨ་རབ་ཀྱི་མའེ་ཁར་བསྐྱོད་དེ་2017ལོའི་གནས་མཇལ་ཞུ་མཁན་ཀྲུང་གོའི་མུའུ་སི་ལིན་ཚང་མ་ཉིན་ཤས་གོང་མའེ་ཁར་འབྱོར་ནས་དངོས་སུ་གནས་མཇལ་ཞུ་རྒྱུའི་གྲ་སྒྲིག་བྱས་ཟིན་ཡོད།
           ཀྲུང་གོའི་གནས་མཇལ་ལས་དོན་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཀེ་ཡིས་ཚེས་28ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་འདི་ལོ་མའེ་ཁར་གནས་མཇལ་དུ་སྐྱོད་མཁན་ཀྲུང་གོའི་མུའུ་སི་ལིན་དེ་དག་ཤིན་ཅང་དང་། ཡུན་ནན། ཉིང་ཞ། ཀན་སུའུ། ཀོང་ཤིས་སོགས་ནས་ཡིན་པ་དང་ཁྱོན་མི་ཁྲི་1.2ཡོད། ཁོང་ཚོ་ཟླ་7ཚེས་30ཉིན་ནས་བཟུང་བསྟུད་མར་གཙང་གླས་གནམ་གྲུར་བསྡད་ནས་སོ་ཏི་ཨ་རབ་ཏུ་འབྱོར་ཡོད་ཅེས་བརྗོད།
          ལི་ཀེ་ཡིས་ཀྲུང་གོའི་གནས་མཇལ་ཚོགས་པས་བདེ་འཇགས་དང་། སྐྱོན་བྲལ། འཚོ་བ་སྟབས་བདེ། ཆོས་དོན་སོགས་ལ་དོ་སྣང་བྱས་ནས་གནས་མཇལ་དུ་སྐྱོད་མཁན་མུའུ་སི་ལིན་ཚོར་ཚགས་ཚུད་ཀྱི་ཞབས་འདེགས་ཞུ་བཞིན་ཡོད། ཚོགས་པར་སྨན་པ་དང་སྨན་གཡོག་60བཀོད་སྒྲིག་བྱས་ནས་སྨན་རིན་མི་དགོས་པར་སྨན་བཅོས་ཞབས་ཞུ་དང་སྨན་སྤྲོད་པ་མ་ཟད། ད་དུང་ཆོས་དོན་མི་སྣ་ཚོས་མུའུ་སི་ལིན་ཚོར་དབྱི་སི་ལམ་ཆོས་ལུགས་ཀྱི་གཏན་འབེབས་དང་ཆོས་ཁྲིམས་ལ་གཞིགས་ཏེ་གནས་མཇལ་ཐུགས་གྲ་ལེགས་འགྲིག་ཡོང་བའི་མཛུབ་ཁྲིད་བྱས་ཡོད་ཅེས་བརྗོད།
          སོ་ཏི་ཨ་རབ་ཀྱི་ཅི་ཏར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ཨན་ཝའར་དང་བཅས་པ་གོང་ཚེས་ཉིན་ཀྲུང་གོའི་གནས་མཇལ་ཚོགས་པ་བསྡད་ཡུལ་དུ་ཕེབས་ནས་རང་རྒྱལ་གྱི་གནས་མཇལ་ཞུ་མཁན་མུའུ་སི་ལིན་ཚོར་གཟིགས་ཤིང་། ཁོང་གིས་རང་རྒྱལ་གྱི་གནས་མཇལ་ཞུ་མཁན་མུའུ་སི་ལིན་ཚོ་བདེ་འཇགས་དང་སྐྱོན་བྲལ་ངང་གནས་མཇལ་ལེགས་གྲུབ་ཡོང་བའི་རེ་བ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།