འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་སྐར་འབྲས་1:0ཡི་ཐོག་ནས་ཨུ་ཟ་བྷེ་ཁེ་སི་ཐན་རྒྱལ་ཁབ་
    ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་ཕམ་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་01ཉིན། 08:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    རུ་མི་ཧའོ་ལིན་གྱིས་འགྲན་བསྡུར་ནང་སྤོ་ལོ་བླུགས་ཐུབ་པར་རྟེན་འབྲེལ་ཞུ་བ།
    རུ་མི་ཧའོ་ལིན་གྱིས་འགྲན་བསྡུར་ནང་སྤོ་ལོ་བླུགས་ཐུབ་པར་རྟེན་འབྲེལ་ཞུ་བ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན་གྱི་དགོང་མོར། འཛམ་གླིང་བུམ་པའི་ཨེ་ཤེ་ཡ་ཁུལ་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་རིམ་པ་12པའི་འགྲན་བསྡུར་གྱི་རེས་སྐོར་དགུ་པ་ཀྲུང་གོའི་ཝུ་ཧན་གྲོང་ཁྱེར་དུ་སྤེལ་ཞིང་། ཀྲུང་གོའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཝུ་ཧན་གྱི་རང་འགྲན་ར་ནས་སྐར་འབྲས་1:0ཡི་ཐོག་ནས་ཨུ་ཟ་བྷེ་ཁེ་སི་ཐན་རྒྱལ་ཁབ་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་ཕམ་པར་བྱས་པས། འགྲན་བསྡུར་རྗེས་མར་ཞུགས་ཐུབ་པའི་རེ་བ་ཇེ་ཆེར་བཏང་བ་རེད།
            ཀྲུང་གོའི་རྐང་རྩེད་སྤོ་ལོ་རུ་ཁག་ལ་སྤོ་ལོ་སྐར་མ་གཅིག་པོ་ལེན་མཁན་ནི་རུ་མི་རྒན་པ་ཧའོ་ལིན་ཡིན་པ་དང་། ཁོང་གིས་གནོན་ཤུགས་ཆེན་པོ་ཐེག་པར་བྱས་ཏེ་ཉེས་བཅད་ཀྱི་སྤོ་ལོ་གཅིག་པོ་གྲུག་སྒོ་ནང་དུ་བླུགས་པ་རེད། རྒྱལ་ཁ་ཐོབ་པ་འདི་ལས། ཀྲུང་གོའི་རུ་ཁག་ཚོགས་ཆུང་Aནང་གི་ཨང་རིམ་ལྔ་པ་ཡིན་ན་ཡང་། ད་དུང་ཚོགས་ཆུང་ལས་རིམ་འཕེལ་འབྱུང་བའི་རེ་བ་ཡོད་པ་རེད།
    འགྲན་བསྡུར་ཛ་དྲག་ངང་བྱེད་པ།
    འགྲན་བསྡུར་ཛ་དྲག་ངང་བྱེད་པ།
    རྩལ་ཁྲིད་པ་ལི་ཕི་ཡིས་འགྲན་བསྡུར་ལ་ལྟ་བཞིན་པ།
    རྩལ་ཁྲིད་པ་ལི་ཕི་ཡིས་འགྲན་བསྡུར་ལ་ལྟ་བཞིན་པ།
    ལྟད་མོ་བས་ཀྲུང་གོའི་རུ་ཁག་ལ་ངར་སློང་བ།
    ལྟད་མོ་བས་ཀྲུང་གོའི་རུ་ཁག་ལ་ངར་སློང་བ།
    འགྲན་བསྡུར་ནང་རུ་མི་ཚོས་རྟེན་འབྲེལ་ཞུ་བ།
    འགྲན་བསྡུར་ནང་རུ་མི་ཚོས་རྟེན་འབྲེལ་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།