འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཡུལ་སྐོར་བ་11ཐེ་ལན་གྱི་འགྲིམ་འགྲུལ་དོན་རྐྱེན་ཞིག་ཏུ་རྨས་ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་21ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་ཡུལ་སྐོར་བ་11ཐེ་ལན་གྱི་འགྲིམ་འགྲུལ་དོན་རྐྱེན་ཞིག་ཏུ་རྨས་ཕོག་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཐེ་ལན་ཆིང་མའེ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ནས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་20ཉིན་གྱི་ཆུ་ཚོད་16:30སྐབས། ཀྲུང་གོའི་ཡུལ་སྐོར་བ་བསྡད་ཡོད་པའི་ཡུལ་སྐོར་རླངས་འཁོར་ཞིག་ཆིང་མའེ་ཧྥུ་ཡི་ཏུའེ་ཧྲ་གེ་རྫོང་གི་ཞིང་ཆེན་རིམ་པའི་གཞུང་ལམ་དུ་ཕི་ཁ་རླངས་འཁོར་ཞིག་དང་གདོང་ཐུག་བྱུང་བ་རེད། དོན་རྐྱེན་ལས་ཀྲུང་གོའི་ཡུལ་སྐོར་བ་11ལ་རྨས་ཕོག་ཡོད་པ་དང་། དེའི་ནང་གི་མི་5ལ་རྨས་ཚབས་ཆེན་ཕོག་ཡོད་པ་རེད།
          ད་ལྟ། རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
          ཆིང་མའེ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ལ་ཉེན་རྟོག་ཕྱོགས་ཀྱི་བརྡ་ཐོ་འབྱོར་རྗེས། དུས་ཚོད་དང་པོའི་ནང་གཞུང་ཚབ་ཁང་གི་མི་སྣ་མངགས་གཏོང་བྱས་ཏེ་སྨན་ཁང་དུ་རྨས་མར་འཚམས་འདྲི་གནང་བར་ཕྱིན་པ་དང་། ཐེ་ལན་ཕྱོགས་ཀྱི་ཉེན་རྟོག་པ་དང་། ཡུལ་སྐོར་ཅུས། ཚོགས་པའི་ཡུལ་སྐོར་ལས་དོན་ཁང་བཅས་དང་མཉམ་དུ་ཧུར་ཐག་ངང་སྨན་ཁང་ནས་སྐྱོབ་བཅོས་ལས་དོན་ལ་གཞོགས་འདེགས་བྱས་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།