འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་བདེ་ཐང་གི་སྤྱི་ཕན་བྱ་སྤྱོད་འཆར་གཞི་སྤེལ་འགོ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “མཉམ་འཐབ་2020·མི་དམངས་བདེ་ཐང་གི་སྤྱི་ཕན་བྱ་སྤྱོད་འཆར་གཞིའི”འགོ་ཚུགས་མཛད་སྒོ་གོང་ཚེས་ཉིན་པེ་ཅིང་དུ་གཉེར་བ་རེད།
          སྤྱི་ཕན་བྱ་སྤྱོད་འཆར་གཞིས་ཐེབས་རྩ་ལྷན་ཚོགས་དང་སྤྱི་ཕན་རྩ་འཛུགས་ཆེ་ཁག་དང་མཉམ་འབྲེལ་བྱས་ཏེ་མི་དམངས་བདེ་ཐང་གི་སྤྱི་ཕན་རོགས་སྐྱོབ་ཆ་འཕྲིན་ལས་སྟེགས་སུ་ཞུགས་ནས་དམིགས་གཏན་འཁེལ་བའི་དབུལ་པོའི་མི་ཚོགས་ལ་སྨན་བཅོས་རོགས་སྐྱོབ་དང་། འཚོ་བཅུད་རོགས་སྐྱོབ། འགན་བཅོལ་རོགས་སྐྱོབ་བཅས་བྱ་རྒྱུ་དང་ཆབས་ཅིག་ཆེད་དམིགས་བདེ་ཐང་གི་རོགས་སྐྱོབ་འཆར་གཞི་འདོན་རྒྱུ་ཡིན་པ་རེད།
          བྱེད་སྒོ་དེ་མི་དམངས་ཉིན་རེའི་ཚགས་པར་ཁང་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་། ཞིང་བཟོ་ཏང་ཀྲུང་དབྱང་བཅས་ཀྱིས་མཛུབ་ཁྲིད་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་སྨན་བཅོས་སྲིད་འཛིན་དོ་དམ་ཅུས་དང་མི་དམངས་དྲ་བས་ཐུན་མོང་ཐོག་གཙོ་གཉེར་བྱས་པ། ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་དང་། ཝུའུ་ཅེ་ཕིང་གསོ་རིག་ཐེབས་རྩ་ལྷན་ཚོགས། ཀྲུང་གོ་མཆིན་ཚད་འགོག་བཅོས་ཐེབས་རྩ་ལྷན་ཚོགས་སོགས་སྤྱི་ཕན་རྩ་འཛུགས་མང་པོ་མཉམ་དུ་ཞུགས་ཡོད་པ་རེད།
          རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཧེ་ཧྲེང་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མི་དམངས་དྲ་བའི་ཏུང་ཧྲི་ཀྲང་ཝང་དབྱི་པེའོ། ཞིང་བཟོ་ཏང་ཀྲུང་དབྱང་གི་ཆེད་བསྐོས་ལས་འགན་གྱི་ཀྲུའུ་ཞི་གཞོན་པ་ཀུང་ཅན་མིང་བཅས་ཀྱིས་མཉམ་དུ་འགོ་ཚུགས་མཛད་སྒོའི་དཔང་པོ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།