འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅོ་བརྒྱད་པའི་ཀྲུང་གོའི་ལྷད་མེད་བཟའ་བཅའི་དངོས་མང་སྟོན་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་20ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་18ཉིན་སྐབས་བཅོ་བརྒྱད་པའི་ཀྲུང་གོའི་ལྷད་མེད་བཟའ་བཅའི་དངོས་མང་སྟོན་ཚོགས་དང་། སྐབས་ལྔ་པའི་ཀྲུང་གོའི·ནང་སོག་གི་ལྷད་མེད་ཞིང་འབྲོག་ཐོན་ཟོག་དངོས་མང་སྟོན་ཚོགས། སྐབས་བཞི་པའི་ཀྲུང་གོའི·པའོ་ཐོའུ་རྒྱལ་སྤྱིའི་ནོར་ལུག་གི་ཤའི་ཐོན་ལས་འདུ་ཚོགས་བཅས་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། དེ་ནི་ཀྲུང་གོའི་ལྷད་མེད་བཟའ་བཅའི་དངོས་མང་སྟོན་ཚོགས་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་གཉེར་ཐེངས་དང་པོ་ཡིན་ལ། ནུབ་རྒྱུད་ས་ཁུལ་དུ་གཉེར་ཐེངས་དང་པོའང་རེད། འདི་ལོར“ཚོགས་གསུམ་གཅིག་སྒྲིལ”བྱས་ནས་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པ། ས་ཁུལ་དང་གྲོང་ཁྱེར་རིམ་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་སྲོལ་བཏོད་པ་དང་། དེ་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་ཐོག་ཚད་གཞི་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། མི་གྲངས་མང་ཤོས་བཅས་ཀྱི་མཉམ་འབྲེལ་འདུ་ཚོགས་ཐོག་མར་ཡང་གྱུར་ཡོད་པ་རེད།
           སྐབས་འདིའི་འདུ་ཚོགས་ཐོག“ལྷད་མེད་འདུ་ཤེས་དང་། ལྷད་མེད་ཐོན་སྐྱེད། ལྷད་མེད་འཛད་སྤྱོད”བཅས་བརྗོད་དོན་གཙོ་བོར་བྱེད་པ་དང་། “གྲུབ་འབྲས་འགྲེམས་སྟོན་དང་། ཉོ་ཚོང་ལ་སྐུལ་གཏོང་། འཕེལ་རྒྱས་ལ་སྐུལ་འདེད”བཅས་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཁག་ནས་ཡོང་བའི་ལྷད་མེད་ཞིང་འབྲོག་ཐོན་ཟོག་ཁེ་ལས་དང་དེ་བཞིན་ནོར་ལུག་གི་ཤ་ཐོན་སྐྱེད་ལས་སྣོན་ཁེ་ལས་1700ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད་པ་དང་། དུས་མཚུངས་སུ་ད་དུང་ཨུ་རུ་སུ་དང་། ཧན་གོ ཕ་ཁི་སི་ཐན། མ་ལེ་ཞི་ཡ་སོགས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་15ཡི་ཁེ་ལས་ཁྱོན་120འགྲེམས་སྟོན་ནང་ཞུགས་པར་ཁྱོན་ཚོགས་ཞུགས་མི་སྣ་13000ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།