འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་རྒྱལ་ཁབ་ཏུ་ཆུ་ལོག་གི་གནོད་འཚེའི་རྐྱེན་པས་མི་23གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐེ་ལན་རྒྱལ་ཁབ་ཏུ་ཆུ་ལོག་གི་གནོད་འཚེའི་རྐྱེན་པས་མི་23གྲོངས་པ།
           མི་དམངས་དྲ་བའི་འཕྲིན། ཐེ་ལན་རྒྱལ་ཁབ་ཀྱི་སྨྱན་སྦྱོར་དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཐེ་ལན་རྒྱལ་ཁབ་ཀྱི་བྱང་ཤར་རྒྱུད་དང་བྱང་རྒྱུད་དུ། ཟླ་7པ་ནས་བཟུང་སྟེ་ལོ་40རིང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་བ་དང་། ད་ལྟའི་བར་དུ། མི་23གྲོངས་པ་དང་། མི་2གར་སོང་ཆ་མེད་དུ་གྱུར་པ་རེད།
           ཚ་ཁུལ་རླུང་ཆེན་སཱང་ཁ་ཡི་ཤུགས་རྐྱེན་ཐེབས་སྟབས། ཐེ་ལན་རྒྱལ་ཁབ་ཀྱི་བྱང་ཤར་རྒྱུད་དང་བྱང་རྒྱུད་ཞིང་ཆེན་44རུ་དྲག་ཆར་བབས་པ་དང་། གཙང་ཆུ་མང་པོ་ཞིག་གི་བཞུར་རྒྱུན་རྒྱས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་བ་རེད། ཐེ་ལན་གློག་འཕྲིན་ཁང་བདུན་པས་སྤེལ་བའི་གནས་འཕྲིན་དུ། ད་ལྟའི་གནོད་འཚེ་བྱུང་བའི་མང་ཚོགས་མི་གྲངས་ཁྲི་120ལས་བརྒལ་བ་ཡོད་པ་དང་། ད་དུང་ཞིང་ཆེན་10ལྷག་ཙམ་ལ་ཆུ་ལོག་གི་གནོད་འཚེ་འཇགས་མེད་ལ། གནོད་འཚེ་བྱུང་ཁུལ་མང་ཤོས་ནི་བྱང་ཤར་རྒྱུད་དུ་ཡིན་པ་རེད་ཅེས་བརྗོད་འདུག
            བྱང་ཤར་རྒྱུད་ཀྱི་ཧྲ་ཀུང་ནྭ་ཁུང་ཞིང་ཆེན་ནི་ད་རེས་ཀྱི་ཆུ་ལོག་གནོད་འཚེ་ཐེབས་ཁུལ་ཚབས་ཆེན་ཞིག་ཡིན་པ་རེད། ཧྲ་ཀོང་ནྭ་ཁུང་ཞིང་ཆེན་གྱི་གནོད་འགོག་འགན་སྲུང་ཐིན་གྱིས། ཉིན་ཤས་བསྟུད་མར་དྲག་ཆར་བབས་པའི་དབང་གིས་ས་ཆ་མང་པོ་ཞིག་ཏུ་ཆུ་འཁྱིལ་ཚུལ་གཏིང་ཚད་སྨི་1ཙམ་ཡང་ཟིན་པས། མི་མང་པོ་ཞིག་ཉེན་ཁར་སྐྱེལ་བ་རེད། འབྲེལ་ཡོད་སྡེ་ཁག་གིས་མྱུར་སྐྱོབ་མི་སྣ་བཏང་ནས་གནོད་འཚེ་བྱུང་ཁུལ་མང་ཚོགས་ས་བབ་མཐོ་ཁུལ་དུ་ཁ་འགྲེམ་གནས་སྤོ་བྱེད་བཞིན་ཡོད་ལུགས་བརྗོད་པ་རེད།
            གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱི་སྔོན་དཔག་ལྟར་ན། ཐེ་ལན་རྒྱལ་ཁབ་ཀྱི་བྱང་རྒྱུད་དང་། བྱང་ཤར་རྒྱུད། ཤར་རྒྱུད་ས་ཁུལ་བཅས་ཀྱི་ཞིང་ཆེན་30ཙམ་ལ་འབྱུང་འགྱུར་ཉིན་གསུམ་གྱི་རིང་ལ་ད་དུང་དྲག་ཆར་འབབ་རྒྱུ་དང་། ཆུ་ལོག་དང་། འདམ་རྡོ་ཆུ་རུད་སོགས་ཀྱི་གནོད་འཚེ་འབྱུང་ཉེན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།