འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལག་བསྟར་
    བསམ་འཆར་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》(གཤམ་དུ་《ལག་བསྟར་བསམ་འཆར་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་པ་དང་། 《ལག་བསྟར་བསམ་འཆར་》ནང་ཆ་ཤས་4དང་དོན་ཚན་73ཚུད་པ་དང་། དེ་ལས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཁྱབ་གདལ་གཏོང་བའི་གཞི་རྩའི་རྩ་དོན་དང་འདྲི་གཅོད་རྩ་འཛུགས་དང་འདྲི་གཅོད་མི་སྣ། འདྲི་གཅོད་ལས་རིམ། འདྲི་གཅོད་ལྟ་སྐུལ་དང་དོ་དམ་སོགས་ནང་དོན་ལ་བརྒྱུད་རིམ་ལྡན་པ་དང་། ཆ་ཚང་བ། བཀོལ་སྤྱོད་རང་བཞིན་ལྡན་པའི་སྒོ་ནས་གཏན་འབེབས་བྱས་ལ། 2017ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།
         《ལག་བསྟར་བསམ་འཆར་》ནང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མཉམ་གྲོས་ཁྲིམས་སའི་གྱོད་དོན་་ཞིབ་གཅོད་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་པུའུ་དེ་གའི་འདྲི་གཅོད་ལས་སྒོའི་ཁྲིམས་ར་ཁག་གི་མཉམ་གྲོས་ཁྲིམས་སར་གྲངས་འབོར་འོས་འཚམ་གྱི་ཁྲིམས་དཔོན་ལས་རོགས་དང་ཁྲིམས་སའི་དྲུང་ཡིག་བཀོད་སྒྲིག་བྱས་པ་དང་། སྐོར་སྐྱོད་ཁྲིམས་རར་ཁྲིམས་དཔོན་དང་ཁྲིམས་དཔོན་ལས་རོགས། ཁྲིམས་སའི་དྲུང་ཡིག་བཅས“1+1+1”གི་རྣམ་པའི་ཐོག་ནས་འདྲི་གཅོད་དཔུང་ཁག་བཀོད་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
         ཁྲིམས་གཅོད་ཀྱི་ཚད་གཞི་སྔར་བས་གཅིག་གྱུར་བྱ་ཆེད་《ལག་བསྟར་བསམ་འཆར་》ནང་རིགས་འདྲའི་གྱོད་དོན་དང་གྱོད་འབྲེལ་གྱོད་གཞི་འཚོལ་ཞིབ་ལམ་སྲོལ་གསར་དུ་བཟོས་ཏེ་ཞིབ་གཅོད་བྱེད་འགན་ཁུར་བའི་ཁྲིམས་དཔོན་གྱིས་གྱོད་དོན་ཞིབ་གཅོད་བྱེད་སྐབས་གྱོད་གཞི་ཞིབ་དཔྱོད་ལས་སྟེགས་དང་། ཡིག་ཚགས་མ་ལག ཀྲུང་གོའི་ཁྲིམས་གཅོད་ཡིག་ཆའི་དྲ་བ། བཅའ་ཁྲིམས་ཆ་འཕྲིན། རིག་ནུས་ཞིབ་གཅོད་སོགས་ལ་བརྟེན་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱེད་མཇུག་སྒྲིལ་བའམ་ཡང་ན་ཞིབ་གཅོད་བྱེད་བཞིན་པའི་རིགས་འདྲའི་གྱོད་དོན་དང་གྱོད་འབྲེལ་གྱོད་གཞིར་ཕྱོགས་ཡོངས་ནས་འཚོལ་ཞིབ་དང་འཚོལ་ཞིབ་སྙན་ཞུ་བཟོ་བ་དང་འབྲེལ་གནས་ཚུལ་ཁག་དབྱེ་བྱས་ནས་ཐག་གཅོད་བྱ་རྒྱུ་སྟེ། གཏན་འཁེལ་བྱེད་རྩིས་ཡོད་པའི་ཁྲིམས་གཅོད་འབྲས་བུ་དང་ཁང་དེ་གའི་རིགས་མཚུངས་ཀྱི་གོ་ཆོད་གྱོད་གཞིའི་ཁྲིམས་གཅོད་ཚད་གཞི་གཅིག་མཚུངས་ཡིན་རིགས་ལ། མཉམ་གྲོས་ཁྲིམས་སས་དཔྱད་བསྡུར་བྱས་རྗེས་ཁྲིམས་གཅོད་ཡིག་ཆ་བཟོ་བ་དང་མིང་རྟགས་འགོད་ཆོག་པ་དང་། གཏན་འཁེལ་བྱེད་རྩིས་ཡོད་པའི་ཁྲིམས་གཅོད་འབྲས་བུར་ཁྲིམས་གཅོད་ཚད་གཞི་གསར་པ་ཆགས་པའི་རིགས་ཡོན་ཀྲང་གིས་ཐག་གཅོད་དམ་ཡང་ན་ཆེད་ལས་ཁྲིམས་དཔོན་གྱི་ཚོགས་འདུ་དང་འདྲི་གཅོད་ཨུ་ཡོན་ལྷན་ཁང་ལ་གྲོས་བསྡུར་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་འདོན་པ། གཏན་འཁེལ་བྱེད་རྩིས་ཡོད་པའི་ཁྲིམས་གཅོད་འབྲས་བུས་ཁང་དེའི་རིགས་མཚུངས་ཀྱི་གོ་ཆོད་གྱོད་དོན་གྱི་ཁྲིམས་གཅོད་ཚད་གཞིར་འགྱུར་ལྡོག་ཐེབས་པའི་རིགས་གོ་རིམ་ལྟར་ཆེད་ལས་ཁྲིམས་དཔོན་གྱི་ཚོགས་འདུ་དང་འདྲི་གཅོད་ཨུ་ལྷན་ལ་གྲོས་བསྡུར་བྱ་རྒྱུར་འབུལ་དགོས། གལ་ཏེ་ཁང་དེའི་རིགས་མཚུངས་ཀྱི་གོ་ཆོད་གྱོད་དོན་གྱི་ཁྲིམས་གཅོད་ཚད་གཞིར་ཧེ་བག་ཆེན་པོ་ཡོད་པའི་རིགས་རིམ་པ་བཞིན་འདྲི་གཅོད་ཨུ་ལྷན་ལ་གྲོས་བསྡུར་དང་གཏན་འབེབས་བྱ་རྒྱུར་སྙན་སེང་ཞུ་དགོས།
         《ལག་བསྟར་བསམ་འཆར་》ནང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་སྒོའི་ཁྲིམས་ས་དང་ཁང་ཁག་གིས་སྡེ་ཚན་དེ་གའི་ཁྱབ་ཁོངས་ནང་ཆེད་ལས་ཁྲིམས་དཔོན་གྱི་ཚོགས་འདུ་འཚོགས་པ་དང་། ཆེད་ལས་ཁྲིམས་དཔོན་ཚོགས་འདུའི་གྱོད་གཞི་གྲོས་བསྡུར་བྱེད་པའི་ཁྱབ་ཁོངས་ནང་མཉམ་གྲོས་ཁྲིམས་སས་ཐག་གཅོད་བྱས་འབྲས་ལ་བསམ་འཆར་ཅུང་ཆེ་བའི་གྱོད་གཞི་དང་། འགངས་ཆེན་དང་། དོགས་པ་ཡོད་པ་དང་དཀའ་གནད་ཆེ་བ། རྙོག་འཛིང་ཆེ་བ། རིགས་གསར་པ་བཅས་ཀྱི་གྱོད་གཞི། དགོངས་སྐོར་སྙན་ཞུའི་གྱོད་གཞི། མཉམ་གྲོས་ཁྲིམས་སས་གཏན་འཁེལ་བྱེད་རྩིས་ཡོད་པའི་ཁྲིམས་གཅོད་འབྲས་བུ་དང་ཁང་དེ་གའི་རིགས་མཚུངས་གོ་ཆོད་གྱོད་གཞིའི་ཁྲིམས་གཅོད་ཚད་གཞི་དང་གཅིག་གྱུར་མིན་པའི་གྱོད་གཞི། ཡོན་ཀྲང་དང་ཁྲིམས་སའི་དཔོན་གྱིས་འདྲི་གཅོད་ལྟ་སྐུལ་དོ་དམ་གྱི་དབང་ཚད་ལྟར་གྲོས་བསྡུར་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པའི་གྱོད་གཞི། འདྲི་གཅོད་ཨུ་ཡོན་ལྷན་ཁང་ལ་གྲོས་བསྡུར་བྱ་རྒྱུར་འབུལ་རྩིས་ཡོད་པའི་གྱོད་གཞི། མཉམ་གྲོས་ཁྲིམས་སའི་བསམ་འཆར་ཁ་ཤས་ནང་གྲོས་བསྡུར་བྱ་རྒྱུར་འབུལ་དགོས་པར་ངོས་འཛིན་བྱས་པ་དང་འབྲེལ་ཁྲིམས་སའི་དཔོན་གྱིས་མོས་མཐུན་བྱས་པའི་གྱོད་གཞི་སོགས་ཚུད་པ་དང་། གྲོས་བསྡུར་བྱ་རྩིས་ཡོད་པའི་གྱོད་གཞི་དེ་དག་སྤེལ་སྣོལ་ཁྱབ་ཁོངས་དང་འབྲེལ་བ་ཡོད་རིགས་ལ་འབྲེལ་ཡོད་ཆེད་ལས་འདྲི་གཅོད་ཁྱབ་ཁོངས་ཀྱི་བསླབ་པ་རྒན་པའི་ཁྲིམས་དཔོན་གདན་དྲངས་ནས་གྲོས་བསྡུར་ནང་ཞུགས་པ་དང་། ཆེད་ལས་ཁྲིམས་དཔོན་གྱི་ཚོགས་འདུའི་ཐོག་གྲུབ་པའི་བསམ་འཆར་དེ་དག་མཉམ་གྲོས་ཁྲིམས་སའི་དཔྱད་གཞིར་མཁོ་འདོན་བྱེད་དགོས་པ་བཅས་གསལ་པོ་བཏོན་པ་རེད།
         《ལག་བསྟར་བསམ་འཆར་》ནང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ལྷན་གྱི་གྱོད་དོན་གྲོས་བསྡུར་ཁྱབ་ཁོངས་ཚོད་འཛིན་ནན་པོ་བྱས་པ་དང་། འདྲི་གཅོད་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་གལ་ཆེན་དང་རྙོག་འཛིང་ཆེ་བའི་གྱོད་དོན་སོགས་གྱོད་དོན་རིགས་8དང་དེ་བཞིན་འབྲེལ་ཡོད་གྱོད་དོན་བཅའ་ཁྲིམས་སྤྱད་འཐུས་གནད་དོན་ཁོ་ནར་གྲོས་བསྡུར་དང་གཏན་འབེབས་བྱ་རྒྱུའི་གཏན་འབེབས་ཁ་གསལ་བྱས་པ་དང་འབྲེལ། གྱོད་གཞིའི་གཅིག་གྱུར་གྱི་ཁྲིམས་གཅོད་ཚད་གཞི་དང་བཅའ་ཁྲིམས་སྤྱད་འཐུས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།