འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ལས་སློབ་ཆེན་འགྲིམས་པའི་ཕུགས་འདུན་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་པོ་ཤིན་རྫོང་སློབ་གསོའི་སྡེ་ཚན་གྱིས“2017ལོའི་སློབ་མའི་ཐེམ་ཐོ་གནས་ཡུལ་གྱི་ཡིད་རྟོན་སློབ་རོགས་དངུལ་བུན་ལས་དོན”སྤེལ་འགོ་ཚུགས་པ་དང་། ཆེད་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཞིབ་དཔྱད་བྱས་པ་བརྒྱུད། ས་གནས་དེའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་དབུལ་པོ་དང་གསར་དུ་བསྡུས་པའི་སློབ་ཆེན་སློབ་མ་3200ལྷག་ཙམ་ལ“ སློབ་མའི་ཐེམ་ཐོ་གནས་ཡུལ་གྱི་ཡིད་རྟོན་སློབ་རོགས་དངུལ་བུན”གྱི་འགྲོ་ལུགས་གཉེར་བ་དང་། དངུལ་བུན་གན་རྒྱའི་བསྡོམས་འབོར་སྒོར་ཁྲི་2500ལྷག་ཙམ་ཟིན་ནས་སློབ་ཕྲུག་ཚོའི་སློབ་ཡོན་གནད་དོན་ཐག་གཅོད་ཐུབ་སྟེ་སློབ་གྲྭ་ཆེ་མོར་བསྐྱོད་རྒྱུའི་འདུན་པ་གྲུབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།