འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་བཞིས་འབྲུ་རིགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་1ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་འབྲུ་རིགས་ཅུས། ནོར་སྲིད་པུའུ། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ་ཟླ་བ་བརྒྱད་པ་ནས་ཟླ་བ་བཅུ་གཉིས་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་། བཅོས་སྒྲིག་མགྱོགས་པོ། ཁྲིམས་འཛིན་ནན་པོ་བཅས་གཅིག་སྡུད་ཐོག་བྱ་རྒྱུ་གཏན་འབེབས་བྱས་པ་རེད།
         བརྡ་ཐོའི་ནང་འབྲུ་རིགས་གསོག་ཉར་ཁེ་ལས་འགའ་ཞིག་གི་གཉེར་སྐྱོང་དོ་དམ་བྱེད་པོའི་འགན་འཁྲི་དོན་ཐོག་ཏུ་མ་འཁྱོལ་བ་དང་། ས་གནས་སྲིད་གཞུང་འགའ་ཞིག་གི་འབྲེལ་ཡོད་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་ཐོག་ཏུ་མ་འཁྱོལ་བ། ས་གནས་འབྲུ་རིགས་དོ་དམ་སོགས་སྡེ་ཚན་འགའ་ཞིག་གི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཚད་་་མཐུན་མིན་པ་བཅས་དང་། འབྲུ་རིགས་བདེ་འཇགས་དོ་དམ་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་དང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གནས་པ་དང་། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཐད“ཁུག་ཆ”དང“གྲིབ་ཆ”གནས་ཡོད། འབྲུ་རིགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་། བཅོས་སྒྲིག་མགྱོགས་པོ། ཁྲིམས་འཛིན་ནན་པོ་བཅས་གཅིག་སྡུད་ཐོག་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་ནན་ཏན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་མཛོད་ཉར་འབྲུ་རིགས་ཀྱི་གྲངས་འབོར་དང་སྤུས་ཚད་བདེ་འཇགས་འགན་ལེན་དང་འབྲུ་རིགས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་རེད་ཅེས་བསྟན་ཡོད།
         བརྡ་ཐོའི་ནང་གཏན་འབེབས་བྱས་པར་གཞིགས་ན། ད་ཐེངས་ཀྱི་གཅིག་སྡུད་བྱ་སྤྱོད་ལོ་ཕྱེད་རིང་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་དེ་ཁེ་ལས་ཀྱི་རང་བཤེར་རང་བསྲང་དང་། ས་གནས་འབྲེལ་ཡོད་སྡེ་ཚན་གྱི་ཟུར་བཤེར། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར། གོང་རིམ་ལ་ཕྱོགས་སྡོམ་གནས་ཚུལ་སྙན་སེང་ཞུ་རྒྱུ་གྲལ་བཤེར་བཅོས་སྒྲིག་ལ“ཕྱིར་མིག་ལྟ་བ”བཅས་དུས་མཚམས་5ལ་ཕྱེ་ནས་གཅིག་སྡུད་ཐོག་བདེ་འཇགས་ངང་འབྲུ་རིགས་གསོག་ཉར་དང་བདེ་འཇགས་ངང་ཐོན་སྐྱེད་དང་། སྲིད་ཇུས་རང་བཞིན་གྱི་འབྲུ་མཛོད་བོགས་གཏོང་དང་མངགས་བཅོལ་གསོག་འཇོག རྒྱལ་ཁབ་ཀྱི་འབྲུ་རིགས་ཉོ་སྒྲུབ་ཀྱི་སྲིད་ཇུས་ལག་བསྟར། རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཕྱིར་འཚོང་དང་མཛོད་ནས་འདོན་པ། ཀྲུང་དབྱང་གི་གྲབས་གསོག་འབྲུ་རིགས་ཀྱི་དོ་དམ། ས་གནས་ཀྱི་གྲབས་གསོག་འབྲུ་རིགས་ཀྱི་དོ་དམ་སོགས་ཕྱོགས་6གི་ཐད་གནས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།