འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་མཉམ་སྡེབ་ནགས་སའི་དབང་གསུམ་ལོགས་སུ་དབྱེ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཧོ་པེ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི་《ནགས་ཚལ་མཉམ་སྡེབ་ལ་དབང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》ནང་ཞིང་ཆེན་དེ་ཡོངས་ཀྱིས་མཉམ་སྡེབ་ནགས་སའི་བདག་དབང་དང་། འགན་གཙང་དབང་ཆ། གཉེར་སྐྱོང་དབང་ཆ་བཅས“དབང་གསུམ་ལོགས་དབྱེའི”འཁོར་རྒྱུག་ལམ་སྲོལ་རིམ་གྱིས་བཙུགས་ཏེ་མཉམ་སྡེབ་ནགས་དབང་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་སྡེབ་ནགས་ལས་ཀྱི་གཞི་ཁྱོན་གཉེར་སྐྱོང་ཚད་རན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐོག་སྤྱི་ཚོགས་མ་རྩས་ནགས་ལས་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་ནགས་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས་པ་བསྟན་ཡོད།
         བསམ་འཆར་གཞིར་བཟུང་། ཧོ་པེས་མཉམ་སྡེབ་ནགས་སའི་འགན་གཙང་གི་དབང་ཆ་གཏན་འཁེལ་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དང་། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་མ་བྱས་གོང་། ཧབ་ཚོང་དང་ཡོངས་བསྒྲགས་གྲོས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་འགན་གཙང་སྤྲད་པའི་མཉམ་སྡེབ་ནགས་སར་འགན་གཙང་དུས་ཡུན་ཐིམ་མེད་པའི་རྐྱེན་གྱིས་ཁྱིམ་ཚང་གི་འགན་གཙང་དོན་འཁྱོལ་བྱས་མེད་རིགས་ལ་འགན་གཙང་དུས་ཡུན་་འཐིམ་རྗེས་ཁྱིམ་ཚང་གིས་འགན་གཙང་ལེན་པའི་སྲིད་ཇུས་གཞིར་བཟུང་དུད་ཚང་ལ་འགན་གཙང་སྤྲོད་རྒྱུ་དང་། དུད་ཚང་གིས་འགན་གཙང་བླངས་ཟིན་པའི་མཉམ་སྡེབ་ནགས་སར་གཏན་འཇགས་རྒྱུ་ནོར་གྱི་གཅིག་གྱུར་ཐོ་འགོད་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཐོ་འགོད་བྱས་ནས་ལག་ཁྱེར་སྤྲོད་རྒྱུ་དང་དབང་ཁོངས་ལག་ཁྱེར་དུད་ཚང་ལ་སྤྲོད་རྒྱུ། དུད་སྦྲེལ་བྱས་ནས་འགན་གཙང་བླངས་པའི་མཉམ་སྡེབ་ནགས་སར་ནགས་དབང་ཐོ་འགོད་བྱས་པ་བརྒྱུད་ནགས་དབང་གི་ཐོབ་ཆ་དུད་ཚང་ལ་བགོ་རྒྱུ། གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་གཅིག་གྱུར་གཉེར་སྐྱོང་དང་དོ་དམ་བྱེད་པའི་ནགས་སར་ཁྲིམས་ལྟར་རྐང་དབང་དུད་ཚང་ལ་བགོ་རྒྱུ་བཅས་རེད།
         བསམ་འཆར་གཞིར་བཟུང་། 2020ལོར་སླེབས་སྐབས་ཧོ་པེའི་མཉམ་སྡེབ་ནགས་ལས་འཕེལ་རྒྱས་ཡག་པོ་འགྲོ་བའི་ལམ་སྲོལ་སྤྱིའི་ཆ་ནས་གྲུབ་སྟེ་བདག་དབང་སྔར་བས་དོན་འཁྱོལ་ཐུབ་རྒྱུ་དང་། འགན་གཙང་བདག་དབང་སྔར་བས་བརྟན་དུ་འགྲོ་རྒྱུ། གཉེར་སྐྱོང་བདག་དབང་སྔར་བས་སྟབས་བསྟུན་དུ་འགྲོ་རྒྱུ། ནགས་དབང་བརྒྱུད་བཤུག་དང་གཏའ་མའི་དངུལ་བུན་ལམ་ལུགས་སྔར་བས་འཐུས་ཚང་དུ་འགྲོ་རྒྱུ། ནགས་ལས་དོ་དམ་ཞབས་ཞུའི་མ་ལག་སྔར་བས་ལེགས་སུ་འགྲོ་རྒྱུ། ནགས་ཚལ་ཐོན་ཁུངས་རྒྱུན་མཐུད་ངང་འཕར་རྒྱུ། ཞིང་འབྲོག་ལས་ཀྱི་ཡོང་འབབ་མངོན་གསལ་དོད་པོས་འཕར་རྒྱུ། སྣོད་བཅུད་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་དམིགས་ཚད་བཅས་མངོན་འགྱུར་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།