འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ལུའུ་ཏེན་གྱི་ས་ཡོམ་གེགས་ཁུལ་བསྐྱར་སྐྲུན་ལས་དོན་ལེགས་འགྲུབ་བྱུང་གྲབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུན་ནན་ལུའུ་ཏེན་གྱི་ས་ཡོམ་གེགས་ཁུལ་བསྐྱར་སྐྲུན་ལས་དོན་ལེགས་འགྲུབ་བྱུང་གྲབས་ཡོད་པ།
            མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་3ཉིན་ནི་ཡུན་ནན་ལུའུ་ཏེན་རྫོང་དུ་ས་ཡོམ་རིམ་པ་6.5བརྒྱབ་ནས་ལོ་གསུམ་འཁོར་བའི་ཉིན་མོ་ཡིན་པ་རེད། ལོ་གསུམ་གྱི་རིང་ལ། ལུའུ་ཏེན་ས་ཡོམ་གེགས་ཁུལ་དུ་ཁྱོན་བསྡོམས་བསྐྱར་སྐྲུན་ལས་གཞི་489སྤེལ་བ་དང་། མ་དངུལ་གཏོང་ཚད་ཁྱོན་བསྡོམས་སྒོར་དུང་ཕྱུར་76.3ཟིན་པ་རེད། ད་ལྟའི་བར་དུ། ལས་གཞི་457ལེགས་གྲུབ་བྱུང་ཡོད་པ་དང་། 93.46%ཟིན་ཡོད། ད་ལྟ་བསྐྱར་སྐྲུན་བྱེད་བཞིན་པའི་ལས་གཞི་32ཁྲོད་ནས་ལས་གཞི་29འཆར་གཞི་ལྟར་ཟླ་འདིའི་ཟླ་མཇུག་ཏུ་ལེགས་འགྲུབ་བྱུང་གྲབས་ཡོད་པས། བསྐྱར་སྐྲུན་ལས་དོན་འཕྲལ་མར་ཕྱོགས་ཡོངས་ནས་ཐུབ་རྒྱུ་ཡིན་པ་རེད།
             མཚམས་སྦྱོར་བྱས་པར་གཞིགས་ན། བསྐྱར་སྐྲུན་སླར་གསོའི་ལས་གཞིར་སྡོད་དམངས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་། སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་དོ་དམ། རྨང་གཞིའི་སྒྲིག་བཀོད། ཁྱད་ལྡན་ཐོན་ལས་བཅས་ཀྱི་ལས་གཞི་ཡོད་ལ། ད་ལྟ་སྡོད་ཁང་མ་གཏོགས་བསྐྱར་སྐྲུན་སླར་གསོའི་མ་དངུལ་སྒོར་དུང་ཕྱུར་109.72གཏོང་ཚད་ལེགས་གྲུབ་བྱུང་ཡོད་པ་རེད། དུས་མཚུངས་སུ། བསྐྱར་སྐྲུན་སླར་གསོའི་ལས་གཞི་གསལ་ཐོའི་སྟབས་བདེའི་དོ་དམ་བྱས་པ་བརྒྱུད་ནས་ལས་གཞི་ལེགས་གྲུབ་བྱུང་བ་མགྱོགས་མྱུར་ངང་བཀོལ་སྤྱོད་བྱེད་རྒྱུའི་ཁག་ཐེག་བྱས་ཡོད་པ་རེད། སྡོད་ཁང་འཛུགས་སྐྲུན་དང་ཞིག་གསོ་བརྟན་བཟོའི་འོས་འགན་2016ལོའི་ལོ་གསར་སྔོན་ལ་བདེ་བླག་ངང་མཇུག་སྒྲིལ་བས། མང་ཚོགས་སྡོད་ཁང་གསར་པར་སྤོས་ཡོད་ལ། སྨན་དཔྱད་དང་སློབ་གསོ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་སྔར་བས་འཐུས་ཚང་དུ་བཏང་ཡོད་པ་རེད། ད་ལྟ། གེགས་ཁུལ་གྱི་གཞི་རྩའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་། སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཡོད་པ་མ་ཟད་སྔར་ལས་ཀྱང་ཇེ་ལེགས་སུ་བཏང་ཡོད་པ་རེད།
         2014ལོའི་ཟླ་8ཚེས་3ཉིན། ལུའུ་ཏེན་དུ་ས་ཡོམ་རིམ་པ་6.5བརྒྱབ་ཅིང་། མི་ཁྲི་108.84ལ་གནོད་འཚེ་ཕོག་ལ། མི་617ཤི་བ་དང་། མི་112གར་སོང་ཆ་མེད་དུ་གྱུར་པ། མི་3143ལ་རྨས་ཕོག་པ་རེད། གེགས་ཁུལ་གྱི་སྡོད་ཁང་དང་། འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་། སློབ་གསོ། འཕྲོད་བསྟེན་སོགས་ཀྱི་རྨང་གཞི་སྒྲིག་བཀོད་ལ་གནོད་སྐྱོན་ཚབས་ཆེན་ཕོག་པས། ཐད་ཀའི་དཔལ་འབྱོར་གྱོད་གུང་སྒོར་དུང་ཕྱུར་200ཙམ་བྱུང་ཡོད་པ་རེད།
    【1】  【2】  【3】
    ༄༅།།ཡུན་ནན་ལུའུ་ཏེན་གྱི་ས་ཡོམ་གེགས་ཁུལ་བསྐྱར་སྐྲུན་ལས་དོན་ལེགས་འགྲུབ་བྱུང་གྲབས་ཡོད་པ།
    ༄༅།།ཡུན་ནན་ལུའུ་ཏེན་གྱི་ས་ཡོམ་གེགས་ཁུལ་བསྐྱར་སྐྲུན་ལས་དོན་ལེགས་འགྲུབ་བྱུང་གྲབས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།