འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་ཐེངས་སོ་
    གསུམ་པ་དང་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན་
    དཔྱད་བསྡུར་ཚོགས་འདུ་སྐབས་བཅོ་བརྒྱད་པ་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་གསུམ་གྱི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་ཐེངས་སོ་གསུམ་པ་དང་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན་དཔྱད་བསྡུར་ཚོགས་འདུ་སྐབས་བཅོ་བརྒྱད་པ་ཟླ་8ཚེས་3ཉིན་གཙོས་གྲོང་ཁྱེར་དུ་གྲོལ་བ་རེད། 
           ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཉམ་འབྲེལ་མཐུན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ།ཞིན་ཅིང་ཡུ་གུར་རང་སྐྱོང་ལྗོངས་གསར་ འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཏི་ལི་ཞ་ཐི་•ཨེ་ཙེ་ཙའེ་ཡིས་མཇུག་གྲོལ་བ་ཁྱབ་བསྒྲགས་བྱས། 
            ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཉམ་འབྲེལ་མཐུན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀན་ལྷོ་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུའུ་དང་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས། རྒྱལ་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མི་རིགས་སྐད་སྒྱུར་སྒྱུར་སྐྲུན་ལྟེ་གནས། དྲ་རྒྱ་སྨྱན་བྱེད་གསར་བ་25ཡི་འཐུབ་ཚབ་མི་སྣ་53གྲོས་ཚོགས་སུ་ཞུགས། 
             ཐེངས་འདིའི་དཔྱད་བསྡུར་ཚོགས་འདུར་བསྡོམས་པས་འགྲན་སྡུར་བརྩམས་ཆོས་468འབྱོར་ཡོད། དེའི་ཁྲོད་དུ་རྒྱང་སྒྲོག་བརྩམས་ཆོས་195དང་བརྙན་འཕྲིན་བརྩམས་ཆོས་245 སྨྱན་བྱེད་གསར་བའི་བརྩམས་ཆོས་28ཡོད། འབྲེལ་ཡོད་ཀྱི་གཏན་འབེབས་དང་བླང་བྱ་ལྟར། བྱ་དགའ་ཐོབ་ཚད་70%དང་དོར་ཚད་30%ཡི་བསྡུར་བ་ལྟར། བསྡོམས་པས་རྒྱང་སྒྲོག་བརྩམས་ཆོས་138དང་བརྙན་འཕྲིན་བརྩམས་ཆོས་181སྨྱན་བྱེད་གསར་བའི་བརྩམས་ཆོས་21ཏེ་བསྡོམས་པས་བརྩམས་ཆོས་340ལ་བྱ་དགའ་ཐོབ། དེའི་ཁྲོད་ཀྱི་ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་གི་《ང་རང་གསོན་པོར་གནས་པའི་དབང་གིས་》སོགས་བརྩམས་ཆོས་70ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཨ་མདོ་བརྙན་འཕྲིན་གྱི་《ཁྱད་མཚར་གྱི་རྨ་འབྲི་རྫ་ཡུལ་》སོགས་བརྩམས་ཆོས་130ལ་བྱ་དགའ་ཨང་གཉིས་པ་ཐོབ། ཁམས་པའི་བརྙན་འཕྲིན་གྱི་《འཆི་མེད་གླེང་མོལ་》སོགས་བརྩམས་ཆོས་136ལ་བྱ་དགའ་ཨང་གསུམ་པ་ཐོབ། བོད་ལྗོངས་མི་དམངས་རླུང་འཕྲིན་ཁང་གི་《ཧོར་ཕྱི་པ་ར་རྫོང་》སོགས་བརྩམས་ཆོས་4ལ་ཕུལ་བྱུང་བྱ་དགའ་ཐོབ། 
            གྲོས་ཚོགས་ཀྱིས་རྗེས་ཕྱོགས་སྔར་ལས་མཉམ་འབྲེལ་བརྗེ་རེས་ལ་ཤུགས་བསྣོན་པ་དང་ལེགས་ཆ་ཕན་ཚུན་གསབ་སྤྲོད་ཀྱིས་སྟོབས་ཤུགས་གྲུབ་པ་བྱས་ནས་མུ་མཐུད་དུ་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་བརྒྱུད་སྒྲོག་དང་ཤུགས་རྐྱེན་ནུས་པ་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན། གྲོས་ཚོགས་ཀྱིས་སྐབས་རྗེས་མའི་དཔྱད་བསྡུར་གྲོས་ཚོགས་ནི་བོད་རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་གློག་བརྙན་འཕྲིན་ཅུའུ་ཡིས་འགན་སྒྲུབ་བྱ་རྒྱུ་གཏན་འབེབས་བྱས། 
           ཐེངས་འདིའི་དཔྱད་བསྡུར་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་ཡོངས་བོད་ཁུལ་གྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་། རྒྱལ་ཡོངས་བོད་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལེ་ཚན་རྩོམ་སྒྲིག་དང་ལེགས་སྒྲུབ། མི་སྣ་གསོ་སྐྱོང་སོགས་སྐུལ་འདེད་གཏོང་བའི་ཕྱོགས་ནས་བརྗེ་རེས་ལོངས་སྤྱོད་བྱས། གྲོས་ཚོགས་ཀྱིས་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གསར་རྩོམ་གྱི་ཕུལ་བྱུང་གྲུབ་འབྲས་མངོན་པ་དང་། བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་དོན་འཕེལ་རྒྱས་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། ཀན་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགྱུར་ཚན་ཁག་གི་བདེ་སྐྱིད་འཚོ་ཡིས།
      

    ཕྱོགས་བསྡུས་གསར་འགྱུར།