འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།2017ལོའི་ཞོ་སྟོན་སྐབས་གུང་སེང་བཀོད་སྒྲིག་བྱས་ཚུལ་སྐོར་གྱི་བརྡ་ཐོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་04ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2017ལོའི་ཞོ་སྟོན་སྐབས་གུང་སེང་བཀོད་སྒྲིག་བྱས་ཚུལ་སྐོར་གྱི་བརྡ་ཐོ།
     ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་སྡེ་ཚན་ཁག་ལ།
          《རྒྱལ་ཡོངས་ཀྱི་ལོ་གསར་དུས་ཆེན་དང་དྲན་གསོའི་ཉིན་མོར་གུང་སེང་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་ཐབས་》གྱི་གཏན་འབེབས་ལ་གཞིགས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཆན་བཀོད་མོས་མཐུན་གནང་བ་བརྒྱུད། ད་ལྟ་2017ལོའི་ཞོ་སྟོན་སྐབས་གུང་སེང་གཏོང་བའི་སྐོར་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
           2017ལོའི་ཞོ་སྟོན་སྐབས་ཀྱི་གུང་སེང་ལེགས་སྒྲིག་ཉིན་བདུན་བྱ་རྒྱུ་ཡིན་པ་སྟེ། ཟླ་8ཚེས་21ཉིན་(གཟའ་ཟླ་བ་)ནས་ཟླ་8ཚེས་27ཉིན་(གཟའ་ཉི་མ་)བར་གུང་སེང་གཏོང་རྒྱུ་ཉིན་མོ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། ཟླ་8ཚེས་19ཉིན་(གཟའ་སྤེན་པ་)དང་ཟླ་8ཚེས་20ཉིན་(གཟའ་ཉི་མ་)ཉིན་གཉིས་རྒྱུན་ལྡན་ལྟར་ལས་ཀར་ཞུགས་དགོས་པ་རེད།
            སྡེ་ཚན་ཁག་གིས་ལས་རེས་དང་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་བཀོད་སྒྲིག་འོས་འཚམས་ལེགས་པོར་བྱ་དགོས་ཤིང་། གལ་སྲིད་གློ་བུར་དུ་དོན་རྐྱེན་ཚབས་ཆེན་བྱུང་ན། གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད་ཐག་གཅོད་འོས་འཚམས་བྱས་ནས་མི་དམངས་མང་ཚོགས་བཀྲ་ལ་ཤིས་ཤིང་བདེ་འཇགས་ངང་དུས་ཆེན་དང་གུང་སེང་གཏོང་བར་འགན་ལེན་ཏན་ཏིག་བྱ་དགོས།
                                                                                                        ཆེད་དོན་དུ་བརྡ་ཐོ་བཏང་བ།
                                                                                                        ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས།
                                                                                                                       2017ལོའི་ཟླ་8ཚེས་3ཉིན།
         བྱེད་སྒོ། 
         ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོའི་ཞོ་སྟོན་རིང་སྲིད་གཞུང་གི་གཙོ་གཉེར་རྣམ་གྲངས་དང་། སྲིད་གཞུང་གི་གཙོ་ཁྲིད་ཁེ་ལས་ཞུགས་པའི་རྣམ་གྲངས། ཁེ་ལས་ཀྱི་ཁྲོམ་ར་ཅན་འཁོར་རྒྱུག་རྣམ་གྲངས་བཅས་རིགས་ཆེན་པོ་གསུམ་གྱི་བྱེད་སྒོ་ཁྱོན་བསྡོམས་རྣམ་གྲངས་10བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། དེའི་ནང་འགོ་ཚུགས་པའི་མཛད་སྒོ་དང་། གོས་སྐུ་གཤོམ་པའི་མཛད་སྒོ ལྷ་མོའི་ཟློས་གར་ཕུལ་བྱུང་འཁྲབ་སྟོན། ལྷོ་ནུབ་རྒྱུད་ཀྱི་ཞིང་ཆེན་རང་སྐྱོང་ལྗོངས་གྲོང་ཁྱེར་6གི་པར་ལེན་མཉམ་འབྲེལ་འགྲེམས་སྟོན། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། ཚོང་འགུགས་དངུལ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ཀྱི་ཆིངས་རྒྱ་གཅིག་སྡུད་འཇོག་པའི་མཛད་སྒོ ལྷ་ས་ནས་གནམ་མཚོ་བར་གྱི་རྐང་ཐང་ཚོགས་ཆེན་སྐབས་བཅུ་གཅིག་པ། སྤུས་ལེགས་ཚོང་ཟོག་ཉོ་ཚོང་འདུ་ཚོགས། དགའ་སྐྱིད་ལྡན་པའི་ཞོ་སྟོན་ཏེ་ཞོ·སྦི་རག·ཞིམ་ཟས·རོལ་དབྱངས་བཅས་ཀྱི་གཟའ་འཁོར། “དྲ་ཐོག་ཞོ་སྟོན”ཞེས་པའི་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་མཚམས་སྦྱོར་བཅས་འདུས་ཡོད་པས། རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བ་ཚོས་དུས་ཡུན་གཟའ་འཁོར་གཅིག་རིང་གི་དུས་ཆེན་དུ་ལྟ་འདོད་ལ་ཉན་སྤྲོ་ཞིང་བྲོ་བ་ཞིམ་པའི་དགྱེས་སྟོན་གཟབ་རྒྱས་ཤིག་ལོངས་སུ་སྤྱོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།