འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཞོ་འཐུང་ནོར་ཤོར་ཚུལ་6།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         གཅིག ཞོ་ནི་འོ་མ་བཞིན་འཐུང་བ།
         ཞོའི་འཚོ་བཅུད་ནི་འོ་མ་ལས་བཅུད་སྣ་འཛོམས་པ་དང་། ཞོ་ནི་འོ་མ་བསྙལ་ནས་བྱུང་བ་དང་། འོ་མའི་བཅུད་ཚང་མ་རང་སོར་གནས་ཡོད་པ་མ་ཟད། ཞོ་བསྙལ་བའི་བྱ་རིམ་དུ་འོ་སྐྱུར་སྲིན་ལས་ད་དུང་མིའི་ལུས་པོར་དགོས་ངེས་ཀྱི་འཚོ་རྒྱུ་སྣ་ཚོགས་ཀྱང་ལྡན་ཡོད་པ་རེད། 
         གཉིས། ཞོ་ནི་ཞོའི་བཏུང་བ་བཞིན་འཐུང་བ།
         ཞོའི་བཏུང་བ་དང་ཞོའི་འཚོ་བཅུད་ལྡན་ཚད་ལ་ཁྱད་པར་ཆེན་པོ་ཡོད་པ་སྟེ། ཞོའི་བཏུང་བའི་འཚོ་བཅུད་ནི་ཞོའི་འཚོ་བཅུད་ཀྱི་གསུམ་ཆ་གཅིག་ལས་ལྡན་མེད། ཞོའི་བཏུང་བ་དེ་ཚ་གདུག་སེལ་བ་དང་སྐོམ་སེལ་བའི་བཏུང་བར་བྱས་ཆོག་པ་དང་། སྐོམ་པ་སེལ་བ་དང་དུས་མཚུངས་སུ་འཚོལ་བཅུད་རིན་ཐང་ཡང་ངེས་ཅན་ལྡན་ཡོད་མོད། འོན་ཀྱང་འཚོ་བཅུད་གྲུབ་ཆ་ཧ་ཅང་དམའ་བས། དེས་འོ་མ་དང་ཞོའི་ཚབ་གཏན་ནས་བྱེད་མི་ཐུབ།
         གསུམ། ཞོ་ནི་སྨན་དང་མཉམ་དུ་བཏུང་ཆོག་པ།
         སྨན་འཐུང་སྐབས་ལེགས་ཤོས་ནི་ཆུ་ཁོལ་མས་འདེད་གཏོང་བྱས་ན་ཡག་ཤོས་ཡིན་པ་ལས། བཏུང་བ་གང་ཞིག་དང་མཉམ་དུ་འཐུང་མི་རུང་། དཔེར་ན་ཇ་དང་བཏུང་བ་སོགས་དང་མཉམ་དུ་འཐུང་མི་རུང་བ་དང་། ཞོ་ཡང་གོང་གསལ་བཏུང་བ་དང་འདྲ་མཚུངས་ཡིན་ཞིང་། ཁྱད་པར་དུ་སྨན་འཐུང་བ་དང་ཞོ་འཐུང་བའི་བར་གསེང་གི་དུས་ཚོད་ཐུང་མི་རུང་ལ། ཞོ་དང་མཉམ་དུ་དེ་བས་ཀྱང་འཐུང་མི་རུང་།
        བཞི། ཞོ་ནི་ག་དུས་བཏུང་ནའང་ཆོག་པ།
         ཞོ་ནི་འོ་མ་ལས་འཐུང་སྟབས་བདེ་ཡིན་པ་དང་། བཏུང་བ་གྲང་མོའམ་རྒྱུན་ལྡན་དྲོད་ཚད་ཀྱི་བཏུང་བ་བྱས་ནས་བཏང་ཆོག་ཅིང་། ཚོད་འཛིན་གང་ཡང་མེད། ཡིན་ནའང་ག་དུས་ཡིན་རུང་ཞོ་བཏུང་ཆོག་པ་མ་རེད། ཕོ་བ་སྟོང་བར་ཞོ་བཏུང་བ་ཡིན་ན་ཞོ་ལ་མ་གཞིར་ལྡན་པའི་ལུས་ཁམས་བདེ་སྲུང་གི་ནུས་པ་ཉམས་སུ་འགྲོ་རྒྱུ་རེད།
         ལྔ་བ། ཞོ་ནི་རྒན་གཞོན་ཚང་མས་བཏུང་ཆོག་པ།
    ཞོ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་རྒན་གཞོན་ཚང་མས་བཏུང་ཆོག་མོད། འོན་ཀྱང་དམིགས་བསལ་གྱི་མི་ཁ་ཤས་ལ་མི་འོས་པ་རེད། གྲོད་པ་བཤལ་བ་དང་ཡང་ན་རྒྱུ་ལམ་ནད་པའི་རྒྱུ་ལམ་ལ་རྨས་སྐྱོན་བྱུང་དུས་ཞོ་འཐུང་བར་ཡིད་གཟབ་ཆེན་པོ་བྱ་དགོས་པ་དང་། ལོ་གཅིག་མ་ཟིན་པའི་ཕྲུ་གུའི་རྒྱུ་ལམ་དང་ཕོ་བའི་ནུས་པ་ཞན་པ་མ་ཟད་འཚར་སྐྱེ་རྫོགས་པ་བྱུང་མེད་པས། ཞོ་འཐུང་མི་རུང་བ་རེད།
         དྲུག་པ། ཞོ་ནི་ཟས་རིགས་གང་ཞིག་དང་སྡེབ་ནས་བཏུང་ཆོག་པ།
         ཞོ་ནི་འཇམ་ཞིང་བྲོ་བ་ཞིམ་པོ་ཡོད་པས་ཟས་རིགས་གང་ཞིག་དང་སྡེབ་ནས་འཐུང་འོས་པ་མ་ཟད། ཚོར་སྣང་ཡང་བསིལ་ངད་ཧ་ཅང་ཆེན་པོ་ཡོང་ངེས་རེད། ཞོ་ནི་བསིང་ཕྱེ་རིགས་ཀྱི་ཟས་རིགས་དང་སྡེབ་ནས་བཏུང་ན་འཚམས་པོ་ཡོད་མོད། ཡིན་ནའང་ཤ་རྒྱངས་རྒྱུ་མ་དང་ཤ་བསྙལ་མ་སོགས་སྣུམ་ཚིལ་ལྡན་ཚད་ཆེ་བའི་ཤ་རིགས་དང་སྡེབ་ནས་འཐུང་རྒྱུའི་འོས་སྦྱོར་བྱེད་ཀྱི་མིན། 
      

    ཕྱོགས་བསྡུས་གསར་འགྱུར།