འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ས་གཤིས་གནོད་འཚེར་རྒྱང་རིང་གྲོས་མོལ་དང་འཕྲལ་སྡོམ་བཀོད་འདོམས་ཀྱི་
    མ་ལག་སྤྱོད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ལྷ་སར་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ས་གཤིས་གནོད་འཚེ་སྔོན་འགོག་དང་ས་གཤིས་ཁོར་ཡུག་སྲུང་སྐྱོང་གསོ་སྦྱོང་འཛིན་གྲྭ་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཐུན་མོང་ཐོག་མ་དངུལ་བཏང་ནས་བསྐྲུན་པའི་བོད་ཀྱི་ས་གཤིས་གནོད་འཚེར་རྒྱང་རིང་གྲོས་མོལ་དང་འཕྲལ་སྡོམ་བཀོད་འདོམས་ཀྱི་མ་ལག་ཚེས་18ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
             སྤྱོད་འགོ་ཚུགས་པའི་མཛད་སྒོར་ལྷ་ས་གྲོང་ཁྱེར་བཀོད་འདོམས་ལྟེ་གནས་ཀྱིས་གཞིས་རྩེ་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཅུས། ཐང་སྟོང་སྒུལ་བདེའི་ས་ཚིགས་བཅས་དང་རྒྱང་རིང་ནས་འབྲེལ་བ་བྱས་པ་དང་འབྲེལ་སྣང་རྫོང་གི་གནས་ཤིག་ཏུ་རི་ཉིལ་བཟོ་ཡོད་པའི་གནས་ཚུལ་ལ་གྲོས་མོལ་བྱས་པ་དང་འབྲེལ་ཐག་གཅོད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། མ་ལག་དྲ་བ་དེར་རང་སྐྱོང་ལྗོངས་བཀོད་འདོམས་ལྟེ་གནས་ཀྱི་གཏན་འཇགས་ས་ཚིགས་1དང་ཡན་ལག་བཀོད་འདོམས་ལྟེ་གནས་ཀྱི་གཏན་འཇགས་ས་ཚིགས་8དེ་བཞིན་ས་གནས་ས་ཐོག་ཏུ་བཀོད་འདོམས་བྱེད་མཁན་རླངས་འཁོར་བཅས་ཡོད་ཅིང་། འཕྲལ་སྡོམ་བཀོད་འདོམས་རླངས་འཁོར་དུ་བརྙན་ལམ་མ་ལག་དང་། རླངས་འཁོར་གྱི་སྒྲིག་སྦྱོར་མ་ལག སྲུང་སྐར་བརྒྱུད་སྤེལ་མ་ལག་སོགས་ཡོད་ལ། གནས་ཚུལ་ཚང་མ་བརྙན་ལམ་སྒྲ་ལམ་དང་གྱི་འཕྲིན་བརྡ་བརྒྱུད་ས་ཁུལ་གྲོང་ཁྱེར་དང་རང་སྐྱོང་ལྗོངས་རིམ་པ་གཉིས་ཀྱི་རྒྱལ་ཁབ་ས་ཆ་ཐོན་ཁུངས་སྡེ་ཚན་ལྟེ་གནས་སུ་བསྐུར་ནས་གནོད་འཚེ་ཕོག་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་དང་ས་གཤིས་དཔྱད་ཡིག་ལྟེ་གནས་ཀྱི་གྲངས་གཞིར་བསྡུར་བ་དབྱེ་ཞིབ་བྱེད་པ་དང་པར་དང་ཡི་གེ་མཉམ་དུ་ཡོད་པས་ནང་དོན་གསོན་ཉམས་དོད་པོ་ཡོད་པ་རེད།
             ཆར་དུས་ཤར་བ་ནས་བཟུང་བོད་དུ་ས་གཤིས་ཀྱི་གནོད་འཚེ་ཐོན་ཚད་མང་དུ་ཕྱིན་ཞིང་། ལིའུ་ཝུའེ་ཡིས་གསར་འགོད་པར“འདི་ལོའི་ཆར་དུས་ན་ནིང་ལས་ཕྱི་བ་ཡོད་པ་དང་ཆར་པ་བབས་ཚད་ན་ནིང་གི་དུས་མཚུངས་ལས་40%ཡིས་མང་བ་ཡོད། སྡེ་ཚན་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་པར་བརྟེན་མི་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད། ས་གཤིས་ཀྱི་གནོད་འཚེར་རྒྱང་རིང་གྲོས་མོལ་དང་འཕྲལ་སྡོམ་བཀོད་འདོམས་ཀྱི་མ་ལག་སྤྱོད་འགོ་ཚུགས་པར་བརྟེན་ས་གཤིས་གནོད་འཚེར་འཕྲལ་སྡོམ་ཞིབ་འཇུག་བྱེད་པའི་དུས་ཚོད་ཐུང་དུ་ཕྱིན་པ་མ་ཟད། འཕྲལ་སྡོམ་ཐག་གཅོད་ཀྱི་ལས་ཆོད་ཀྱང་ཆེ་རུ་ཕྱིན་ཡོད། བྱེད་ཐབས་དེས་ཐག་རིང་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མ་ཉིད་དང་། མགྱོགས་མྱུར། འཕྲལ་ཐག་ཆོད་པོ་བཅས་ཀྱི་སྒོ་ནས་ཚན་རིག་དང་མཐུན་པའི་ནུས་ལྡན་བྱེད་ཐབས་སྤྱོད་རྒྱུར་རོགས་རམ་ཐུབ་སྟེ་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་ཐུབ་རྒྱུ་རེད”ཅེས་བརྗོད་བྱུང་།
            མིག་སྔར་མ་ལག་དེ་བོད་རང་སྐྱོང་ལྗོངས་ཀྱི་སྒུལ་བདེའི་ལྟ་ཞིབ་ཀྱི་གནས་དགུར་ཁྱབ་གདལ་བཀོད་སྒྲིག་བྱས་ཡོད་པ་དང་རང་སྐྱོང་ལྗོངས་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་ཁག་གི་ས་གཤིས་ཁོར་ཡུག་ལྟ་ཞིབ་ཀྱི་སྤྱི་ཁྱབ་ས་ཚིགས་དང་འབྲེལ་བ་བྱས་པ་དང་འབྲེལ། ལྗོངས་ཡོངས་ཀྱི་ས་གཤིས་ཁོར་ཡུག་ལྟ་ཞིབ་མི་སྣ་50ལྷག་ཙམ་ལ་ལག་རྩལ་གསོ་སྦྱོང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།