འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱལ་ཁབ་རི་མོ་སྒྱུ་རྩལ་ཁང་སོགས་ཀྱིས“ཀྲུང་གོ་གསར་པའི་མཛེས་རྩལ་མཁས་ཅན་
    རབ་དང་རིམ་པ — མཚོ་སྔོན་ཞིང་ཆེན་གྱི་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་
    བརྩམས་ཆོས་འགྲེམས་སྟོན”གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
              མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་ཁབ་རི་མོ་སྒྱུ་རྩལ་ཁང་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་གིས་གཙོ་གཉེར་བྱས་པའི“ཀྲུང་གོ་གསར་པའི་མཛེས་རྩལ་མཁས་ཅན་རབ་དང་རིམ་པ — མཚོ་སྔོན་ཞིང་ཆེན་གྱི་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་བརྩམས་ཆོས་འགྲེམས་སྟོན”ཉེ་ཆར་ཀྲུང་གོའི་རྒྱལ་ཁབ་རི་མོ་སྒྱུ་རྩལ་ཁང་གི་མཛེས་རྩལ་ཁང་དུ་གཉེར་བ་རེད། འགྲེམས་སྟོན་རིང་བཀྲམ་པའི་བརྩམས་ཆོས་དེ་དག་ལ་དུས་རབས་ཀྱི་རྗེས་སྙེག་མཚོན་ཚུལ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཡིད་དབང་འགུག་ཤུགས་ལྡན་པ་ལས་མཚོ་སྔོན་གྱི་ཀྲུང་གོ་གསར་པའི་མཛེས་རྩལ་མཁས་ཅན་ཚོའི་ཉམས་འགྱུར་མངོན་གྱི་ཡོད།
            བརྗིད་ཆགས་ཤིང་ཁ་བས་བཀླུབས་པའི་གངས་རི་དཀར་པོ་དང་། ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་འབྲོག་ཁུལ། ངོ་མཚར་ཁྱད་དུ་འཕགས་པའི་མི་རིགས་ཀྱི་རིག་གནས་བཅས་ལས་མཚོ་སྔོན་གྱི་རྣམ་པར་བཀྲ་བའི་ས་ཁོངས་ཀྱི་ཁྱད་ཆོས་འགྲུབ་ཡོད། ད་རེས་མཚོ་སྔོན་གྱི་མཛེས་རྩལ་མཁས་ཅན་ལི་ཀྲུང་ཧྲེང་དང་། ཀྲང་ཧའེ་ཧུང་། ཀྲང་ཆོན། ཡོན་ཙུང་ཧྥུའུ། ཀུའོ་ཙེ་ཡོན། ཞུས་ཙེ་ཆིང་། ལིའུ་ཁྲེན་ཤེ་བཅས་7གྱིས་ནུབ་རྒྱུད་དང་མཚོ་བོད་ས་མཐོའི་ངོ་མཚར་དང་ས་མཐོའི་སྐྱེ་བོའི་བློ་གཤོག་ཆེ་བའི་བསམ་པའི་ཉམས་འགྱུར་མཚོན་པའི་བརྩམས་ཆོས་ཁྱེར་ཡོད་པ་མ་ཟད། རྣམ་པ་གསར་ལ་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་སྐད་གདངས་ཀྱང་མངོན་པར་བྱས་ཡོད། མཛེས་རྩལ་དཔྱད་བསྡུར་མཁས་ཅན་ཚོས་འགྲེམས་སྟོན་གྱི་བརྩམས་ཆོས་ལས་མཚོ་སྔོན་གྱི་མཛེས་རྩལ་མཁས་ཅན་ཚོས“ཆེས་མཛེས་པའི་མཚོ་སྔོན་དང་ཆེས་མཛེས་པའི་ས་གཞིའི”སྒྱུ་རྩལ་གྱི་འདུ་ཤེས་ལ་འགྲེལ་བཤད་གང་ལེགས་བརྒྱབ་ནས་འཚོ་བ་དང་རང་བྱུང་ལ་ཉེ་བཅར་དང་རིམ་པ་མང་བ་དང་ཕྱོགས་མང་པོ་ནས་མཚོ་བོད་ས་མཐོ་གསོན་ཉམས་དོད་པོས་མཚོན་པའི་ངོས་འཛིན་བྱེད་ཀྱི་ཡོད།
             གཙོ་གཉེར་ཕྱོགས་ཀྱིས“ཀྲུང་གོ་གསར་པའི་མཛེས་རྩལ་མཁས་ཅན”གྱི་བྱེད་སྒོ་རབ་དང་རིམ་པ་དེང་དུས་ཀྲུང་གོའི་མཛེས་རྩལ་ཡིག་ཚགས་ལེགས་སྒྲིག་བྱེད་པའི་ཆ་ཤས་ཤིག་ཡིན་ལ། དུས་སྐབས་གསར་པའི་རིང་གི་ཀྲུང་གོའི་མཛེས་རྩལ་ལས་རིགས་ཀྱི་འདུ་འགོད་གལ་ཆེན་ཞིག་ཀྱང་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།