འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་ཤར་རྒྱུད་དུ་མི་11ལ་ཐོག་ཕོག་ནས་གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན། རྒྱ་གར་སྲིད་གཞུང་གི་དཔོན་པོ་ཞིག་གིས་ཚེས་30ཉིན་ལ་རྒྱ་གར་ཤར་རྒྱུད་དུ་ཉུང་མཐར་ཡང་མི་11ལ་ཐོག་ཕོག་སྟེ་གྲོངས་པ་དང་། གཞན་མི་8ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་པ་རེད།
         ཐོག་རྒྱག་ས་ཨའོ་ཏི་ཧྲ་མངའ་སྡེའི་གནོད་འཚེ་དོ་དམ་སྡེ་ཁག་གི་དཔོན་པོ་ཞིག་གིས་ངོས་སྦྱོར་བྱས་པར་གཞིགས་ན། རྐྱེན་ལམ་དུ་ཤོར་མཁན་མང་ཆེ་བ་ནི་འབྲས་ཞིང་ནང་ངལ་རྩོལ་བྱེད་མཁན་ནམ་ཤིང་སྡོང་འོག་ཏུ་ཆར་པ་གཡོལ་མཁན་གྱི་ཞིང་པ་རེད།
         མིག་སྔར། རྒྱ་གར་དུ་ཆར་ཆུ་འབེལ་བའི་དུས་ཚིགས་ཡིན་པ་དང་། དྲག་ཆར་འབབ་པས་ཨའོ་ཏི་ཧྲ་མངའ་སྡེ་ཚུད་པའི་ས་ཁུལ་ཁ་ཤས་སུ་ཆུ་ལོག་གང་སར་བྱུང་བ་དང་། ཐོག་བརྒྱབ་པ་ལས་མི་ཤི་རྨས་བྱུང་བའི་གནས་ཚུལ་སྐབས་རེར་བྱུང་བཞིན་ཡོད་པ་རེད། གཟའ་འཁོར་གོང་མར། ཨའོ་ཏི་ཧྲ་མངའ་སྡེའི་ཉེ་འགྲམ་གྱི་ཨན་ཏེ་ལཱ་མངའ་སྡེའི་མི་3ལ་ཐོག་ཕོག་ནས་གྲོངས་པ་རེད།
         རྒྱ་གར་གཞུང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། 2005ལོ་ནས་བཟུང་རྒྱ་གར་དུ་ལོ་རེར་ཉུང་མཐར་ཡང་མི་2000ལ་ཐོག་ཕོག་ནས་གྲོངས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།