འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་མའི་དམངས་ཚོགས་ཀྱིས་ཆར་རྡུང་ལ་མ་འཛེམས་པར་ཆིང་ཝ་ཐའེ་ཉེ་འགྲམ་དུ་
    འདུ་ཚོགས་བྱས་ཏེ"སཱ་ཏེ"བཀོད་སྒྲིག་བྱེད་པར་རྒོལ་གཏམ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་ལྷོ་མའི་དམངས་ཚོགས་ཀྱིས་ཆར་རྡུང་ལ་མ་འཛེམས་པར་ཆིང་ཝ་ཐའེ་ཉེ་འགྲམ་དུ་
འདུ་ཚོགས་བྱས་ཏེ'སཱ་ཏེ'བཀོད་སྒྲིག་བྱེད་པར་རྒོལ་གཏམ་གཏོང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་གྱི་སྔ་དྲོར། ཁོ་རེ་ཡ་ལྷོ་མའི་ཞིན་ཀྲོའུ་དང་ཅིང་ཆོན་སོགས་ས་ཁུལ་གྱི་སྡོད་དམངས་དང་དེ་བཞིན"སཱ་ཏེ"རྒོལ་བའི་ཚོགས་པ་ཆེན་པོ་ཁག་གིས་ཆར་རྡུང་ལ་མ་འཛེམས་ནས་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་བཞུགས་བྲང་ཆིང་ཝ་ཐའེ་ཡི་ཉེ་འགྲམ་དུ་འདུ་འཛོམས་བྱས་ཏེ"སཱ་ཏེ"བཀོད་སྒྲིག་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་བྱས་པ་རེད།
         འདུ་ཚོགས་ཐོག་དམངས་ཚོགས་ཀྱིས་ལག་ཏུ"‘སཱ་ཏེ’བཀོད་སྒྲིག་གཏན་འབེབས་གོ་མི་ཆོད"ཅེས་པ་དང་།  “‘སཱ་ཏེ’བཀོད་སྒྲིག་བྱེད་མཚམས་འཇོག་དགོས"ཞེས་པ་སོགས་རང་བཟོས་སྦྱར་ཡིག་བསྒྲེངས་ཏེ་སྐད་གསང་མཐོན་པོས"‘སཱ་ཏེ’ཕྱིར་འཐེན་བྱ་དགོས"ཞེས་པའི་འབོད་ཚིག་བསྒྲགས་ནས' ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་ཡན་གྱིས"སཱ་ཏེ"འཕེན་གཏོང་འཁོར་ལོ་4བཀོད་སྒྲིག་ཁ་སྣོན་བྱ་རྒྱུའི་མཛུབ་སྟོན་ལ་རྒོལ་གཏམ་དྲག་པོ་གཏོང་བ་དང་། སྲིད་གཞུང་གིས་འབྲེལ་ཡོད་བཀོད་སྒྲིག་བྱ་རིམ་བྱེད་མཚམས་འཇོག་དགོས་པ་དང་། འབྲེལ་ཡོད་ཀྱི་སྒྲིག་ཆས་ཕྱིར་འཐེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
         ཁོ་རེ་ཡ་བྱང་མས་ཚེས་30ཉིན་གྱི་དགོང་མོར་འཕུར་མདའ་འཕེན་གཏོང་བྱས་རྗེས། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་ཡན་གྱིས་འཕྲལ་མར་རྒྱལ་ཁབ་བདེ་འཇགས་འགན་སྲུང་(NSC)ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་བྱེད་ནས་མཇུག་འཕྲོའི"སཱ་ཏེ"འཕེན་གཏོང་འཁོར་ལོ་བཞི་བཀོད་སྒྲིག་བྱ་རྒྱུའི་མཛུབ་སྟོན་བྱས་པ་རེད། བྱེད་སྟངས་འདི་ཡིས་བཀོད་སྒྲིག་བྱེད་ས་དེ་གའི་དམངས་ཚོགས་ཀྱི་ཁོང་ཁྲོ་བསླངས་པ་རེད།
    ༄༅།།ཁོ་རེ་ཡ་ལྷོ་མའི་དམངས་ཚོགས་ཀྱིས་ཆར་རྡུང་ལ་མ་འཛེམས་པར་ཆིང་ཝ་ཐའེ་ཉེ་འགྲམ་དུ་
འདུ་ཚོགས་བྱས་ཏེ'སཱ་ཏེ'བཀོད་སྒྲིག་བྱེད་པར་རྒོལ་གཏམ་གཏོང་བ།
    ༄༅།།ཁོ་རེ་ཡ་ལྷོ་མའི་དམངས་ཚོགས་ཀྱིས་ཆར་རྡུང་ལ་མ་འཛེམས་པར་ཆིང་ཝ་ཐའེ་ཉེ་འགྲམ་དུ་
འདུ་ཚོགས་བྱས་ཏེ'སཱ་ཏེ'བཀོད་སྒྲིག་བྱེད་པར་རྒོལ་གཏམ་གཏོང་བ།
      

    ཕྱོགས་བསྡུས་གསར་འགྱུར།