འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གསུམ་པའི“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར—2017”མོ་སི་ཁོའི་གྲོང་
    འདབས་སུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན། སྐབས་གསུམ་པའི“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར ——2017”གྱི་འགོ་ཚུགས་མཛད་སྒོ་མོ་སི་ཁོའི་གྲོང་འདབས་ཀྱི་རྒྱལ་གཅེས་བའི་སྤྱི་གླིང་དུ་གཉེར་བ་རེད། ཀྲུང་གོ་དང་། ཨུ་རུ་སུ། ཨ་ཟེར་བྷེ་ཇན། ཧ་སག་སི་ཐན་སོགས་རྒྱལ་ཁབ་28ཀྱི་འཐུས་མི་རུ་ཁག་150ཡིས་དུས་ཡུན་ཉིན་15ཡི་རིང་ཀྲུང་གོ་དང་། ཨུ་རུ་སུ། བྷེ་ཨུ་རུ་སུ། ཨ་ཟེར་བྷེ་ཇན། ཧ་སག་སི་ཐན་བཅས་རྒྱལ་ཁབ་5རུ་འགྲན་བསྡུར་ཐེངས་མང་བྱས་ཏེ་རྒྱལ་ཁབ་མང་པོའི་དཔོན་དམག་གི་དམག་རྩལ་ཆུ་ཚད་ལ་ཞིབ་བཤེར་བྱ་རྒྱུ་རེད།
           ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་འགོ་ཚུགས་མཛད་སྒོའི་ཐོག་བསྟན་པའི་བརྙན་ལམ་གྱི་ཤིས་ཚིག་ནང་། སྐབས་གསུམ་པའི“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར—2017”ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་དམག་ཕྱོགས་ཀྱི་འཐུས་མི་རུ་ཁག་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་འགྲན་བསྡུར་ལ་རྒྱལ་ཁབ་ཁག་གི་རུ་མིས་སྐམ་མཚོ་མཁའ་གསུམ་གྱི་འགྲན་བསྡུར་རྣམ་གྲངས་ཁག་ལ་ཕུལ་བྱུང་གི་དམག་དོན་བྱང་ཚད་དང་། སྒྲིག་ཁྲིམས་རང་བཞིན་དང་དེ་བཞིན་སྦྱོང་བརྡར། གཞོགས་འདེགས་བྱེད་པའི་ཆུ་ཚད་བཅས་མངོན་རྒྱུ་ཡིན་པ་དེ་དག་གིས་འབྱུང་འགྱུར་གྱི་དངོས་འཐབ་བྱ་སྤྱོད་ལེགས་གྲུབ་ཐུབ་མིན་གཏན་འཁེལ་བྱ་ཐུབ། “སྐབས་འདིའི་འགྲན་བསྡུར་ལ་རྒྱལ་ཁབ་ཁག་གི་འཐུས་མི་རུ་ཁག་གིས་ཕན་ཚན་དབར་ཉམས་མྱོང་མཉམ་སྤྱོད་དང་སྒྲིག་ཆས་ཀྱི་ནུས་པ་བསྡུར་བའི་གོ་སྐབས་ཐོབ་རྒྱུ་དང་འབྲེལ། རྒྱལ་ཁབ་ཁག་གི་དམག་དཔུང་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་དང་སྤེལ་རེས་མཉམ་ལས་ཟབ་ཏུ་འགྲོ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བཤད།
            ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུས་ས་གནས་ས་ཐོག་ཏུ་ཤིས་ཚིག་གསུང་སྐབས། 2015ལོར་ཨུ་རུ་སུས་“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར”ཐེངས་དང་པོ་སྤེལ་བ་དང་མིག་སྔར་ཕྱི་རྒྱལ་གྱི་དམག་ཕྱོགས་འཐུས་མི་རུ་ཁག་དེར་ཞུགས་ཚད་མང་དུ་ཕྱིན་ཡོད། འགྲན་བསྡུར་དེ་གཉེར་མཁན་རྒྱལ་ཁབ་ཀྱང་མང་དུ་ཕྱིན་པ་དང་འགྲན་བསྡུར་རྣམ་གྲངས་ཀྱང་དང་ཐོག་གི་རྣམ་གྲངས་14ནས་28བར་མང་དུ་ཕྱིན་ཡོད་ལ། འགྲན་བསྡུར་གྱི་ལྟ་སྣང་རང་བཞིན་དང་འགྲན་རྩོད་རང་བཞིན་ཡང་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་ཅེས་བཤད།
            ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི“རྒྱལ་སྤྱིའི་དམག་དོན་འགྲན་བསྡུར”ལ་ཁྱོན་གཟེངས་རྟགས་2445དང་བྱ་དགའི་བུམ་པ་28ཡོད་པ་དང་། ཨེ་ཤེ་ཡ་དང་། ཡོ་རོབ། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཀྱི་རྒྱལ་ཁབ་ཁག་གི་དམག་མི་4000ལྷག་ཙམ་འགྲན་བསྡུར་ཁག་ལ་ཞུགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།