འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དམག་དཔུང་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་ཕྱི་ཕྱོགས་ཀྱིས་གདེང་འཇོག་ཆེན་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “བརྒྱད་གཅིག”དམག་བཙུགས་དུས་ཆེན་འཆར་ལ་ཉེ་བའི་དུས་སུ་རྒྱལ་ཁབ་ཁག་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སྣེ་ལེན་ཚོགས་འདུ་འཚོགས་ཏེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཚོགས་ཞུགས་ལས་རིགས་ཁག་གི་སྐུ་མགྲོན་ཚོས་འདས་ཟིན་པའི་ལོ་90ཡི་རིང་ཀྲུང་གོའི་དཔུང་སྡེར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་གདེང་འཇོག་ཆེན་པོ་གནང་བ་དང་། འཛམ་གླིང་གི་ཞི་བདེ་དང་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ལ་ཀྲུང་གོའི་དམག་དཔུང་གིས་འབད་བརྩོན་ལྷོད་མེད་བྱས་པར་བསྔགས་བརྗོད་གནང་བ་མ་ཟད། ད་དུང་ཀྲུང་གོའི་དམག་དཔུང་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་འཆང་ལུགས་ཀྱང་བཤད་པ་རེད།
          ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ཁུའེ་ཡན་ཝུའེ་ཡིས་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་གསུང་སྐབས་དམག་དཔུང་བཙུགས་ནས་ལོ་90འཁོར་བའི་ལོ་རྒྱུས་ལས་རྒྱལ་ཁབ་ཀྱི་ཆགས་འཇིག་དང་། མི་རིགས་ཀྱི་རང་བཙན། མི་དམངས་ཀྱི་བཅིངས་འགྲོལ་བཅས་ལ་དཔའ་ངར་ཆེ་ཞིང་གཉའ་མི་ཆག་པར་དཀའ་བ་ཚད་མེད་སྤྱད་ནས་འཐབ་རྩོད་བྱས་པ་དང་ཉམས་པ་མེད་པའི་བྱས་རྗེས་བཞག་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་མཁན་ངར་ལྕགས་ལས་གྲུབ་པའི་ལྕགས་རི་རིང་པོ་བཞིན་དུ་གྱུར་པ་མཚོན་གྱི་ཡོད་ཅེས་གསུངས། ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་ཕུའུ་མིང་གིས་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་དང་འབྲེལ་རྒྱལ་ཁབ་གཉིས་པོ་དང་དམག་དཔུང་གཉིས་པོའི་དབར་གྱི་མཛའ་གྲོགས་འབྲེལ་བ་ཡུན་ནས་ཡུན་དུ་གནས་པའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས།
           ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་ཤིས་ཚིག་གསུང་རིང་དམག་དཔུང་གཉིས་དབར་གྱི་འབྲེལ་བ་ཀྲུང་ཨའི་འབྲེལ་བའི“ལྷིང་ཆས”གལ་ཆེན་ཞིག་ཏུ་གྱུར་པར་བྱས་ནས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་འཕེལ་རྒྱས་གཏོང་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས། ཨ་རིའི་སྐམ་དམག་གི་ཇུས་འདོན་པུའི་ཀྲུའུ་རེན་གྱི་དམིགས་བསལ་ལས་རོགས་ཧུའུ་པོ་ཡིས་ཨ་ཀྲུང་གི་འགོག་སྲུང་ལས་དོན་ཐད་ཀྱི་མཉམ་ལས་གལ་འགངས་ཧ་ཅང་ཆེ་བས། ཕྱོགས་གཉིས་པོས་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་དང་། ཐུན་མོང་ངོས་འཛིན་ཡོང་བ། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་གསུངས།
           ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་དམག་དོན་སྐུ་ཚབ་ཆི་ཧྭ་ཅུན་གྱིས་ཕོ་ཉ་ཚོགས་པ་དང་པེར་ཀྲེམ་དུ་བཅའ་སྡོད་གཞུང་ཚབ་ཁང་གིས་ཐུན་མོང་ཐོག་གཉེར་བའི་སྣེ་ལེན་ཚོགས་འདུའི་ཐོག་དུས་སྐབས་གསར་པ་དང་དུས་བབ་གསར་པའི་འོག་ཀྲུང་གོས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་བྱས་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གནང་བ་རེད། ཡོ་རོབ་མནའ་འབྲེལ་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཁོ་སི་ཁེ་ལཱ་ཁེ་སིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་དམག་དཔུང་ལ་ཐོབ་པའི་བྱས་རྗེས་རླབས་ཆེན་ལ་གདེང་འཇོག་ཆེན་པོ་གནང་བ་མ་ཟད། ད་དུང་ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁུར་མཁན་ཁོངས་མི་གལ་ཆེན་ཞིག་ཀྱང་རེད་ཅེས་བསྔགས་བརྗོད་གནང་བ་རེད།
          ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ཝང་ཅིང་གོ་ཡིས་ཤིས་ཚིག་གསུང་སྐབས་དམག་དཔུང་བཙུགས་ནས་ལོ་90ཡི་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་དེ་བཞིན་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བ་ཕྱིར་དྲན་གནང་བ་རེད། ཨོ་སི་ཁྲུ་ལི་ཡའི་སྐམ་དམག་གི་དམག་སྤྱི་ཁེན་པེར་གྱིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྲུང་དམག་གི་དམག་སྤྱི་པིན་སི་ཅིན་དང་རྒྱལ་སྲུང་དམག་གི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུས་པ་དང་འབྲེལ། ཀྲུང་ཨོའི་རྒྱལ་སྲུང་ལས་དོན་འཐབ་ཇུས་གྲོས་མོལ་ཐེངས་ཉི་ཤུ་པ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
          ནེའུ་ཙི་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ལི་ཅིང་ཧྥུང་གིས་ཤིས་ཚིག་གསུང་རིང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཆུང་བ་ནས་ཆེ་བ་དང་སྟོབས་ཆུང་ནས་སྟོབས་ཆེན་བར་འཕེལ་རྒྱས་བྱུང་ཞིང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ལོ་90ཡི་རིང་རྒྱུན་ཆད་མེད་པར་མདུན་སྐྱོད་ཀྱང་བྱས་ཡོད་ཅེས་གསུངས། ནེའུ་ཙི་ལན་གྱི་རྒྱལ་སྲུང་པུའི་པུའུ་ཀྲང་རྨི་ཆེར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།