འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་བདུན་པར“ཀྲུང་གོའི་མི་བཟང”ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་30ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་ཕུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་ཉེ་འགྲམ་མི་བཟང་གི་སྤེལ་རེས་བྱེད་སྒོ་སྤེལ་བ་དང་འབྲེལ་ཟླ་བ་བདུན་པར“ཀྲུང་གོའི་མི་བཟང་”ཡོངས་བསྒྲགས་བྱས་ཏེ་གཞན་ཕན་བསྒྲུབ་རྒྱུར་དགའ་བ་དང་། བདེན་པའི་རྒྱབ་ལངས་བྱེད་མཁན། ཁ་དན་ཚིག་ལ་གནས་མཁན། ལས་བརྩོན་དང་ལེགས་སྐྱེས་འབུལ་མཁན། ཕ་མར་བསྙེན་བཀུར་དང་གཉེན་ཉེར་བརྩེ་བ་བཅངས་མཁན་མི་བཟང་102གཟི་བརྗིད་ལྡན་པའི་ངང་ཡོངས་བསྒྲགས་བྱས་པ་རེད།
             དབྱར་གཞུང་ཆུ་བོ་རྒྱས་པའི་དུས་སུ་འབྲུབ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་བསྟོད་གླུ་འབུལ་འོས་པའི་དཔའ་བོ་མང་པོ་ཐོན་པས་རྒྱ་ཆེའི་དྲ་དམངས་ཚོས་ཁོང་ཚོར་མོས་བསྟོད་བྱས་ཡོད། ཧུའུ་ནན་ཉིང་ཤང་རྫོང་ཙུའུ་ཐ་གྲོང་ཚོར་ཧོ་དབང་ལིན་དང་། ཡན་གོ་ཧྲེང་། ཀྲོའུ་ལི་ཧྲེང་། ལི་གོ་ཅུན། ཝང་ཁྲུའུ་ཆིན། ཡན་ཝུའེ་ལེན། ཝུའུ་ཧྭ་རུང་། ཅང་ཁྲེང་ལེའང་སོགས་མི་8ཀྱིས་འདམ་རྡོའི་ཆུ་རུད་ཁྲོད་ཀྱི་ཉེན་གྱར་གྲོང་མི་སྐྱོབ་སྐབས་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་མི་10ལྷག་ཙམ་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད། ཅང་ཤིས་ཤིའུ་ཧྲུའེ་རྫོང་ཧང་ཁོའུ་གྲོང་རྡལ་དུ་ཏང་ཡོན་ལས་བྱེད་པ་6གིས་མང་ཚོགས་ཁ་འགྲེམས་སྐབས། མི་དང་རླངས་འཁོར་ཚང་མ་ཤྭ་འོད་ཀྱིས་འཁྱེར་ནས་དབྱང་ཧྥང་གྲོང་ཚོའི་ཀྲུའུ་རེན་ལས་རོགས་ཁྲེང་ཧྥུའུ་ཡའོ་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེང་མའེ་ཅན་དང་ཀྲེན་ཀྲང་གཞོན་པ་ཏེང་ཞུས་གར་སོང་ཆ་མེད་དུ་གྱུར་བ་རེད།
            བྱེད་སྒོ་སྤེལ་ཡུལ་དུ་གླུ་གཞས་《རྨོ་བོ་ལགས་ཀྱི་རྒུན་འབྲུམ་སྡོང་པོ་》དང་། ཞབས་བྲོ་《བརྩེ་བ་ཆེན་པོ་》ལུང་ཡན་གྱི་ལ་གཞས་《ཀུན་སྤྱོད་སློབ་ཁང་》སོགས་ཀྱི་གསར་རྩོམ་ལེ་ཚན་འཁྲབ་སྟོན་བྱས་པ་བརྒྱུད། ཀུན་སྤྱོད་དཔེ་བཟང་བ་དང་ཉེ་འགྲམ་མི་བཟང་གི་མི་སེམས་འགུལ་བའི་སྒྲུང་གཏམ་སླར་ཡང་ལྟད་མོ་བའི་མིག་ལམ་དུ་འཆར། ལོ་89ལ་སླེབས་པའི་ཏང་ཡོན་རྒན་གྲས་ཀྲུང་དབྱི་ལུང་གིས་སུང་མའོ་ལིང་སྲུང་སྐྱོབ་དམག་འཁྲུག་ནང་རང་སྲོག་ཤོར་བའི་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོ་ལོ་67སྲུང་བ་དང་འབྲེལ་གསར་བརྗེའི་ཁྱིམ་ཚང་འགྲེམས་ཁང་བཙུགས་ཏེ་མི་རབས་རྗེས་མར་སློབ་གསོ་ཐེབས་པ་བྱས་པ་རེད། ལུང་ཡན་གྱི་ཀུན་སྤྱོད་དཔེ་བཟང་བ་དང་ཉེ་འགྲམ་གྱི་མི་བཟང་44དང་ལྟད་མོ་བ་དང་དྲ་དམངས་700ལྷག་ཙམ་ཕན་ཚུན་སྤེལ་རེས་བྱས་པས་ཁོང་ཚོའི་མི་སེམས་འགུལ་བའི་བྱ་སྤྱོད་ལས་ལྟད་མོ་བ་མང་པོ་རང་དབང་མེད་པར་མིག་ཆུ་ཤོར་བ་རེད།
           དྲ་དམངས་ཁྲི་400ཙམ་གྱིས་ཀྲུང་གོ་ཤེས་དཔལ་གཞུང་དོན་ཁང་དང་། མི་དམངས་དྲ་བ། ཤིན་ཧྭ་དྲ་བ། འོད་ཟེར་དྲ་བ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་བ་བཅས་བརྒྱུད་དེ་ཐད་གཏོང་ལེ་ཚན་བལྟས་ཤིང་། ཟླ་བ་དེའི་ནང་ཀྲུང་གོ་ཤེས་དཔལ་དྲ་བའི་ལས་སྟེགས་ལ་མི་བཟང་བྱ་བཟང་གི་ཁུངས་སྣེ་ཁྲི་169ལྷག་ཙམ་འབྱོར་བ་དང་དེ་དག་ལ་མོས་བསྟོད་དང་དྲན་འཆར་འགོད་མཁན་ཁྲི་930ལྷག་ཙམ་བྱུང་བ་མ་ཟད་དྲ་ཚིགས་ལ་ལྟ་མཁན་མི་ཐེངས་ཁྲི་3500ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།