འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།ཞི་ཀྭའི་པགས་པ་ཆུའི་ནང་སྦངས་ནས་བཏུང་ན་ཚ་གདུག་སེལ་རོགས་བྱེད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དབྱར་དུས་སུ་སིལ་ཏོག་ཚོང་རར་མིག་དབང་རབ་ཏུ་འཕྲོག་པ་ནི་སྔོ་ལྗང་ལྗང་གི་ཞི་ཀྭ་རེད། ཚ་གཟེར་ཆེ་བའི་དབྱར་དུས་སུ་ཞི་ཀྭ་ཁམ་ཁ་ཤས་བཟའ་རྒྱུ་བྱུང་ན་གཟུགས་པོ་ཡོངས་བདེ་བའི་ཚོར་བ་ཅིས་ཀྱང་ཚོར་ངེས།
         ཀོང་ཀྲོའུ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་པོའི་ནན་ཧྲ་སྨན་ཁང་ཀྲུང་ལུགས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཐང་ལིའང་གིས་ཞི་ཀྭ་ཡི་བྲོ་བ་མངར་ཞིང་། དེ་ལ་ཚ་གཟེར་འཇམ་དུ་གཏོང་བ་དང་། སྐོམ་ནད་སངས་པ། གཅིན་པ་འབབ་བདེ་བ་སོགས་ཀྱི་ནུས་པ་ལྡན་པས། ཞི་ཀྭ་ཕྱི་ནང་ཀུན་ནོར་བུ་རེད་ཅེས་བསྟན་པ་རེད།
        ཡིན་ནའང་ཞི་ཀྭ་ཟ་བ་ལའང་འཛེམ་བྱ་ངེས་ཅན་ཞིག་ཡོད་པ་སྟེ། ཞི་ཀྭ་ལ་མངའ་ཆ་ལྡན་ཚད་ཆེ་བས། གཅིན་པ་མངར་འགྱུར་གྱི་ནད་པས་མང་པོ་ཟ་མི་རུང་། ཐང་ལིའང་གིས་ཞི་ཀྭ་ཟ་སྟངས་གཤམ་གསལ་མཚམས་སྦྱོར་བྱས་པ་སྟེ།
          1.ཞི་ཀྭ་དང་སྲན་ལྗང་མཉམ་བཙོས་ཁུ་བ། 
         རྒྱུ་ཆ། སྲན་ལྗང་ཁེ་100དང་།  ཞི་ཀྭའི་པགས་པ་ཁེ་500 ཚ་ལུ་མའི་ཤུན་པའི་ཟུར་གཅིག ཤེལ་ཀ་ར་འོས་འཚམ་ཞིག
        བཟོ་སྟངས། སྲན་ལྗང་དང་། ཚ་ལུ་མའི་ཤུན་པ་ཧའོ་ཧྲེང་1500མཉམ་དུ་ཆུའི་ནང་དུ་བཙོས་ནས་སྲན་ལྗང་ཁ་ཕྱེ་བའི་རྗེས་སུ་ཞི་ཀྭའི་པགས་པ་བླུགས་ནས་སྐར་མ་10བཙོས་རྗེས་ཤེལ་ཀ་ར་བླུགས་ནས་བཏུང་ན་ཆོག་པ།
         ཕན་ནུས། ཚ་གདུག་སེལ་ཞིང་། སྐོམ་ནད་སངས་པ་བཅས།
        2.ཕྱི་གླིང་གི་ཆིག་ཐུབ་དཀར་པོ་དང་ཞི་ཀྭ འབྲ་གོ་དམར་པོ་བཅས་མཉམ་བཙོས་ཀྱི་ཇ།
         རྒྱུ་ཆ། ཞི་ཀྭའི་པགས་པ་སོས་པ་ཁེ་100དང་།  འབྲ་གོ་དམར་པོ་3 སྲན་ལེབ་དཀར་པོ་ཁེ་30 ཕྱི་གླིང་གི་ཆིག་ཐུབ་དཀར་པོ་ཁེ་10
         བཟོ་སྟངས། དེ་དག་ཚང་མ་མཉམ་དུ་བཙོས་ནས་ཁུ་བ་ཉིན་རེར་ཇ་འཐུང་བ་ལྟར་འཐུང་བ།
         ཕན་ནུས། སྐོམ་ནད་སངས་པ་དང་། ཚ་གདུག་སེལ་བ་བཅས། 
      

    ཕྱོགས་བསྡུས་གསར་འགྱུར།