འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གིས་2020ལོར་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ཚོམ་བུ་སྐྲུན་ཐུབ་པ་བྱ་
    རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་འཚོགས་པའི་ཀོང་ཏུང་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཀོང་ཏུང་གིས་2020ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སྤྱི་དམངས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྩོན་ལེན་དང་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ལ་རིམ་བཞིན་འགྱུར་བ་བྱེད་པ་དང་འབྲེལ་སྤྱི་དམངས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         2016ལོའི་བར་ཀོང་ཏུང་དུ་ས་ཁུལ་ཡན་གྱི་གྲོང་ཁྱེར་8གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དུ་བཏོད་ཟིན་པ་དང་། གཞན་ཡང་ས་ཁུལ་དང་གྲོང་ཁྱེར་18དང་རྫོང་(གྲོང་ཁྱེར་)55རྒྱལ་ཡོངས་སམ་ཡང་ན་ཞིང་ཆེན་གྱི་ཤེས་དཔལ་གྲོང་ཁྱེར་དུ་གཏོད་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད། ཚོགས་འདུའི་ཐོག་པར་འགྲེམས་བྱས་པའི་《ཀོང་ཏུང་ཞིང་ཆེན་སྤྱི་དམངས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་རྒྱུའི་བྱ་སྤྱོད་ཀྱི་རྩ་གནད་(2017ལོ་ནས་2020ལོའི་བར)》གཞིར་བཟུང་། ཀྲུའུ་ཅང་ཟུར་གསུམ་ཁུལ་གྱིས་2020ལོར་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ཚོམ་བུ་བསྐྲུན་ཐུབ་པ་བྱ་རྒྱུ་དང་། ཀོང་ཏུང་གི་ཤར་ནུབ་བྱང་གསུམ་ས་ཁུལ་གྱི་ཞིང་ཆེན་རིམ་པ་ཡན་གྱི་རྫོང་རིམ་པའི་ཤེས་དཔལ་གྲོང་ཁྱེར་གྱི་གྲངས་འབོར་40ཟིན་པ་བྱ་རྒྱུ་དང་། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་ཁྱབ་ཚད་95%ཡན་ཟིན་པ་བྱ་རྒྱུ་རེད།
        རྩ་གནད་ནང་ད་དུང“ཏང་གི་ལས་དོན་པ་དང་། སྤྱི་ཚོགས་ཀྱི་ལས་དོན་པ། དང་བླངས་པ”བཅས་ཀྱི་མཉམ་ལས་ལམ་སྲོལ་ཁྱབ་གདལ་བཏང་ནས་ཀོང་ཏུང་གི་དང་བླངས་ཞབས་ཞུའི་སྤུས་རྟགས་གཏོད་རྒྱུ་དང་། 2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་སུ་དང་བླངས་ཞབས་ཞུའི་རྩ་འཛུགས་ཐོ་འགོད་བྱེད་ཚད་ཁྲི་1ཟིན་པ་བྱ་རྒྱུ་དང་། དང་བླངས་པར་ཐོ་འགོད་བྱེད་མཁན་མི་འབོར་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་15%ཟིན་པར་བྱ་རྒྱུ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།