འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་དང་རྒྱ་གར་བར་དོང་སྣང་དུ་ཕན་ཚུན་ཁ་གཏད་དུ་ལངས་
    པའི་ཁག་འགན་ཚང་མ་རྒྱ་གར་ཕྱོགས་ལ་ཡོད་པས། ཀྲུང་གོའི་ཕྱོགས་ཀྱིས་འོས་མེད་
    མཐུན་ཐབས་གཏན་ནས་བྱེད་མི་སྲིད་ཅེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་དང་རྒྱ་གར་བར་དོང་སྣང་དུ་ཕན་ཚུན་ཁ་གཏད་དུ་ལངས་
པའི་ཁག་འགན་ཚང་མ་རྒྱ་གར་ཕྱོགས་ལ་ཡོད་པས། ཀྲུང་གོའི་ཕྱོགས་ཀྱིས་འོས་མེད་
མཐུན་ཐབས་གཏན་ནས་བྱེད་མི་སྲིད་ཅེས་བསྟན་པ།
         མི་དམངས་དྲ་བའི་འཕྲིན།  ཟླ་7ཚེས་24ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ལུའུ་ཁང་གིས་ཀྲུང་གོ་དང་རྒྱ་གར་བར་དོང་སྣང་ས་ཁུལ་དུ་ཕན་ཚུན་ཁ་གཏད་དུ་ལངས་པའི་དོན་རྐྱེན་སྐོར་བཤད་དུས། ད་ཐེངས་ཀྱི་དོན་རྐྱེན་འདིའི་ཁག་འགན་ཚང་མ་རྒྱ་གར་ལ་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་མངའ་ཁོངས་བདག་དབང་གི་གནད་དོན་ཐོག་འོས་མེད་མཐུན་ཐབས་གཏན་ནས་བྱེད་མི་སྲིད་ཅེས་བསྟན་པ་རེད།
         ཉིན་དེའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་《རྒྱ་གར་སྐབས་དོན་ཚགས་པར་》གྱིས་ཉེ་ཆར་གནས་འཕྲིན་སྤེལ་བར་གཞིགས་ན། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་པི་ཞའོ་ཕུའུ་ཡིས་རྒྱ་གར་དུ་འཚམས་འདྲི་བྱེད་པའི་རིང་ལ། རྒྱ་གར་ཕྱོགས་དང་ཀྲུང་གོ་དང་རྒྱ་གར་བར་དོང་སྣང་ས་ཁུལ་དུ་ཕན་ཚུན་སྲ་འཛིན་བྱེད་པའི་དོན་རྐྱེན་སྐོར་བགྲོ་གླེང་བྱས་ཤིང་། དེ་ནི་དུས་ཡུན་རིང་པོའི་རྩོད་གཞི་ཞིག་ཡིན་པ་དང་། མངའ་ཁོངས་ས་ཆའི་སྐོར་གྱི་རྩོད་གཞི་ནི་ཞི་བདེའི་ངང་ཐག་གཅོད་བྱེད་དགོས་པ་དང་། ཨོ་སི་ཁྲུ་ལི་ཡས་ཀྲུང་གོ་དང་རྒྱ་གར་བར་གྱི་འགལ་བ་ཇེ་ཆེར་འགྲོ་བ་མཐོང་འདོད་མེད་ཅེས་བཤད་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་གང་ཡོད་དམ་ཞེས་དྲིས་པ་རེད།
         ལུའུ་ཁང་གིས་ཀྲུང་གོའི་ཕྱོགས་ཀྱིས་རྒྱ་གར་གྱི་སྨྱན་སྦྱོར་ལས་ཁུངས་གྱི་དེ་འབྲེལ་གནས་འཕྲིན་སྤེལ་བར་དོ་སྣང་བྱས་ཡོད་ཅེས་བསྟན་པ་དང་། ཁོང་གིས་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཀྱིས་བཤད་པའི་མངའ་ཁོངས་ས་ཆའི་སྐོར་གྱི་རྩོད་གཞི་ཞི་བདེའི་ངང་ཐག་གཅོད་བྱེད་དགོས་ཞེས་པའི་རྩ་དོན་འདི་ནི་ཡང་དག་པ་རེད། ཡིན་ནའང་ངས་ངེས་པར་དུ་བསྟན་དགོས་པ་ཞིག་ནི། བཤད་སྟངས་འདི་ནི་མིག་སྔའི་དོང་སྣང་ས་ཁུལ་གྱི་དོན་རྐྱེན་ཐོག་སྤྱད་ན་མི་འཐུས་པ་སྟེ། རྒྱུ་མཚན་ནི་དོན་རྐྱེན་བྱུང་སར་མངའ་ཁོངས་ས་ཆའི་སྐོར་གྱི་རྩོད་གཞི་གཏན་མས་མེད་པའི་རྐྱེན་གྱིས་རེད། ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་འབྲས་ལྗོངས་ས་མཚམས་དུམ་བུ་ནི་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་ཁས་བླངས་པ་མ་ཟད། ལོ་127རིང་བརྩི་སྲུང་བྱས་པའི་གཏན་ཁེལ་ཟིན་པའི་མཐའ་མཚམས་ཡིན་པ་དང་། ཕྱོགས་གཉིས་ཀྱི་བར་དོན་འདིའི་སྐོར་ལ་རྩོད་གཞི་གཏན་ནས་བྱུང་མ་མྱོང་། ཐེངས་འདིའི་དོན་རྐྱེན་གྱི་ངོ་བོ་ནི་རྒྱ་གར་གྱི་དམག་དཔུང་ཁྲིམས་དང་འགལ་ནས་ཀྲུང་གོ་དང་རྒྱ་གར་བར་གྱི་གཏན་ཁེལ་ཟིན་པའི་མཐའ་མཚམས་འབྲས་ལྗོངས་ས་མཚམས་དུམ་བུ་ལས་བརྒལ་ཏེ་ཀྲུང་གོའི་མངའ་ཁོངས་སུ་འཛུལ་བ་ཡིན་པས། དེའི་ངོ་བོ་ནི་སྔོན་ཆད་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་གཏན་ཁེལ་བྱས་མེད་པའི་ས་ཁུལ་གྱི་མཐའ་མཚམས་སྐོར་གྱི་རྩོད་གཞི་དང་ངོ་བོའི་ཐོག་གི་ཁྱད་པ་ཡོད་ཅེས་བཤད་པ་རེད།
         ལུའུ་ཁང་གིས"ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་མོད། འོན་ཀྱང་མངའ་ཁོངས་བདག་དབང་གི་གནད་དོན་ཐད་འོས་མེད་མཐུན་ཐབས་གཏན་ནས་བྱེད་མི་སྲིད། ཐེངས་འདིའི་དོན་རྐྱེན་གྱི་ཁག་འགན་ཚང་མ་རྒྱ་གར་ཕྱོགས་ལ་ཡོད་པས། ང་ཚོས་རྒྱ་གར་ཕྱོགས་ཀྱིས་གནས་བབ་ངོས་ཟིན་གསལ་པོར་བྱས་ནས་བྱ་ཐབས་ལག་བསྟར་གང་མགྱོགས་བྱས་ཏེ་དོན་རྐྱེན་སྔར་ལས་རིམ་འཕར་མ་བྱུང་སྔོན་འགོག་བྱེད་དགོས་པའི་སྐུལ་འདེབས་ཡང་བསྐྱར་བྱ་རྒྱུ་ཡིན"ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།