འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཅིན་གྱི་རྒྱལ་ཁབ་རང་བདག་གསར་གཏོད་དཔེ་སྟོན་ཁུལ་གྱི་བཟོ་ཚོང་ཐོ་འགོད་ཁེ་ལས་
    ཁྱོན་བསྡོམས་ཁྲི་10ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཐེན་ཅིན་གྲོང་ཁྱེར་ཚན་རིག་ལག་རྩལ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་ཐེན་ཅིན་གྱི་རྒྱལ་ཁབ་རང་བདག་གསར་གཏོད་དཔེ་སྟོན་ཁུལ་གྱི་བཟོ་ཚོང་ཐོ་འགོད་ཁེ་ལས་ཁྲི་1ལྷག་ཙམ་མང་དུ་ཕྱིན་ནས་ཁྱོན་བསྡོམས་ཁྲི་10ཟིན་གྱི་ཡོད།
         ཐེན་ཅིན་གྲོང་ཁྱེར་ཚན་རིག་ལག་རྩལ་ཨུ་ལྷན་དཔེ་སྟོན་ཁུལ་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཞུའེ་དབྱིང་གིས་2017ལོའི་དུས་ཚིགས་དང་པོར་དཔེ་སྟོན་ཁུལ་དུ་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་5941.9རག་ཡོད་ཅེས་ངོ་སྤྲོད་བྱས།
         འདི་ལོའི་ལོ་སྟོད་དུ་དཔེ་སྟོན་ཁུལ་དུ་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་3000ཙམ་མང་དུ་ཕྱིན་ནས་ཁྱོན་བསྡོམས་ཁེ་ལས་ཁྲི་3.1ཟིན་པ་དང་། ཚན་རྩལ་ཁེ་ལས་ཆུང་གྲས་100མང་དུ་ཕྱིན་ནས་ཁྱོན་བསྡོམས་ཁེ་ལས་1600ལྷག་ཙམ་ཡོད་པ་རེད།
         ཀྲང་ཞུའེ་དབྱིང་གིས་དཔེ་སྟོན་ཁུལ་གྱི་མིག་སྔའི་འཕེལ་རྒྱས་ཐད་གསར་གཏོད་བྱེད་པོ་སྐྱོན་བྲལ་ངང་འཚར་ལོངས་བྱུང་བ་དང་། གསར་གཏོད་ཀྱི་གནད་ཆེའི་རྒྱུ་རྐྱེན་གཅིག་སྡུད། གསར་གཏོད་ཀྱི་ནུས་པ་རིམ་བཞིན་འཐུས་ཚང་དུ་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།