འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
    མཚོ་སྔོན་ལས་བྲལ་ཏེ་ཀན་སུའུ་ཞིང་ཆེན་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་25ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
མཚོ་སྔོན་ལས་བྲལ་ཏེ་ཀན་སུའུ་ཞིང་ཆེན་དུ་བསྐྱོད་པ།
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན། 2017ལོའི"མཚོ་སྔོན་ཞིང་ལས་ཡིད་རྟོན་བུམ་པ"ཡི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པའི་འགྲན་མཚམས་དགུ་པ་སྟེ་ཕིན་ཨན་ནས་ཀ་ཅུ་བར་གྱི་འགྲན་བསྡུར་བྱས་པ་རེད། འགྲན་ཞུགས་པ་རྒན་པ་པོ་ལི་ཧྥོ་ཏ་ཡིས་ཡང་བསྐྱར་འགྲན་མཚམས་འདིའི་ཨང་དང་པོ་བླངས་པ་དང་། མཚོ་སྔོན་ཐེན་ཡིའུ་ཏེ་རུ་ཁག་གི་ཨང་གྲངས་216པ་ཆིའོ་ན་སེན་•མེང་སའེ་ཧྥུ་ཡིས་འགྲན་ཚིགས་བཞི་རུ་བསྟུད་མར་ལུས་རྩལ་གོས་སེར་གྱོན་ནས་འགྲན་སྣེ་ཁྲིད་པ་རེད།
          འགྲན་མཚམས་འདི་ནི་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་འགྲན་བསྡུར་མཐའ་མ་ཡིན་ལ། ལམ་ཐག་རིང་ཚད་བསྡོམས་འབོར་སྤྱི་ལེ་235ཡོད་པ་རེད། འགྲན་མཚམས་འདིའི་འགྲན་བསྡུར་མཇུག་བསྒྲིལ་རྗེས་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་འགྲན་བསྡུར་ཚང་མ་རྫོགས་པ་དང་། སྐབས་འདིའི་མཚོ་སྔོན་པོར་བསྐོར་བའི་འགྲན་བསྡུར་གྱི"ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་འགྲན་བསྡུར"བྱེད་འགོ་བརྩམ་རྒྱུ་རེད།
             ཟླ་7ཚེས་26ཉིན། 2017ལོའི"མཚོ་སྔོན་ཞིང་ལས་ཡིད་རྟོན་བུམ་པ"ཡི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པའི་འགྲན་ཞུགས་པ་ཚོ་ངལ་གསོ་ཉིན་གཅིག་བྱས་རྗེས་མུ་མཐུད་འགྲན་མཚམས་རྗེས་མའི་འགྲན་བསྡུར་བྱེད་རྒྱུ་རེད།
    ༄༅།།མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
མཚོ་སྔོན་ལས་བྲལ་ཏེ་ཀན་སུའུ་ཞིང་ཆེན་དུ་བསྐྱོད་པ།
    ༄༅།།མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
མཚོ་སྔོན་ལས་བྲལ་ཏེ་ཀན་སུའུ་ཞིང་ཆེན་དུ་བསྐྱོད་པ།
    ༄༅།།མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅུ་དྲུག་པ་
མཚོ་སྔོན་ལས་བྲལ་ཏེ་ཀན་སུའུ་ཞིང་ཆེན་དུ་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།