འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་གསེབ་ཀྱི་སྔོ་གྲིབ་འགོག་བཅོས་རྣམ་གྲངས་ཐེན་ཅིན་དུ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་22ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། ཀྲུང་གོ་དབང་པོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་དང་ཐེན་ཅིན་གསོ་རིག་ཚན་རིག་སློབ་ཆེན་གྱི་སྤྱི་ཁྱབ་སྨན་ཁང་མཉམ་ལས་བྱས་ནས་སྤེལ་བའི“གྲོང་གསེབ་ཀྱི་སྔོ་གྲིབ་ཀྱི་འགོག་བཅོས་རྣམ་གྲངས”ཐེན་ཅིན་དུ་སྤེལ་འགོ་ཚུགས་པ་རེད།
              རྣམ་གྲངས་དེའི་འགན་འཁུར་བ་ཐེན་ཅིན་གསོ་རིག་ཚན་རིག་སློབ་ཆེན་གྱི་སློབ་སྤྱི་དགེ་རྒན་ཆེ་མོ་བ་ཡན་ཧྭ་ཡིས་གྲོང་གསེབ་ཀྱི་སྔོ་གྲིབ་འགོག་བཅོས་རྣམ་གྲངས་དེས་གྲོང་གསེབ་ཀྱི་སྔོ་གྲིབ་ཁྱབ་ཚུལ་ལ་བརྟག་དཔྱད་བྱས་ཏེ་ནུབ་རྒྱུད་ཀྱི་སྔོ་གྲིབ་ཕོག་མཁན་དབུལ་པོར་རོགས་སྐྱོབ་བྱེད་པ་དང་། གཞི་རིམ་གྱི་མིག་ནད་སྨན་པ་དཀའ་བཅུ་པར་གསོ་སྦྱོང་བྱེད་པ། ཚན་རིག་ཁྱབ་གདལ་གྱིས་སྔོ་གྲིབ་ཕོག་མཁན་ཞིང་པ་ལོང་བར་འགྱུར་རྒྱུར་སྔོན་འགོག་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་རྒྱུ་རེད། ཟླ་བ་བརྒྱད་པའི་ཟླ་སྟོད་དུ་ཐེན་ཅིན་གསོ་རིག་སློབ་ཆེན་སྤྱི་ཁྱབ་སྨན་ཁང་གི་མིག་ནད་ཚོགས་པས་མཚོ་སྔོན་དུ་ཐོག་མར་བསྐྱོད་དེ་ནུབ་རྒྱུད་ཀྱི་སྔོ་གྲིབ་ཕོག་མཁན་དབུལ་པོར་རིན་མེད་སྨན་བཅོས་བྱ་རྒྱུ་ཡིན་པ་རེད།
             སྔོ་གྲིབ་ནི་འཛམ་གླིང་ཐོག་ལོང་བར་འགྱུར་བར་བྱེད་པའི་མིག་ནད་གཉིས་པ་དེ་ཡིན་པ་དང་སྔོ་གྲིབ་དབང་གིས་ལོང་བར་འགྱུར་ན་བཅོས་ཐབས་མེད་པ་ཞིག་རེད། ད་ཕན་ལོ་ཤས་ནང་རང་རྒྱལ་དུ་སྔོ་གྲིབ་ཕོག་མཁན་ཆེས་ཆེར་མང་དུ་སོང་བ་མ་ཟད། ནད་ཕོག་མཁན་ནང་གཞོན་ནུ་མང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་སྤྱི་དམངས་དང་ལྷག་པར་དུ་རྒྱང་རིང་ལུང་ཁུག་གི་གྲོང་གསེབ་ས་ཁུལ་གྱི་ཞིང་པ་མང་ཚོགས་ཚོས་སྔོ་གྲིབ་ཀྱི་སྔོན་འགོག་ཤེས་བྱ་མ་ཤེས་པར་བརྟེན། སྔོ་གྲིབ་ཕོག་ནས་ལོང་བ་ཆགས་པ་དང་དབུལ་པོར་འགྱུར་མཁན་མང་པོ་ཡོད། ནད་དེས་རང་ཉིད་ལ་སྡུག་བསྔལ་ཆེན་པོ་བཟོ་སྲིད་ལ་ཁྱིམ་ཚང་དང་སྤྱི་ཚོགས་ལ་ཡང་ཁུར་པོ་ཆེན་པོ་སྤྲོད་སྲིད།
             ཧྭ་ཡན་གྱིས་སྔོ་གྲིབ་ཕོག་ནས་ལོང་བར་འགྱུར་ཚེ་བཅོས་ཐབས་མེད། འོན་ཀྱང་སྔོ་གྲིབ་ནི་སྔོན་འགོག་དང་སྨན་བཅོས་བྱེད་ཐུབ་པའི་ནད་ཞིག་ཡིན། སྔོན་ནས་ཤེས་རྟོགས་དང་སྔོན་ནས་སྨན་བཅོས་བྱས་ཚེ། མིག་གཉིས་ཁོ་ན་བཅོས་པ་ཙམ་མིན་པར་མི་སྒེར་དང་ཐ་ན་ཁྱིམ་ཚང་གཅིག་ཀྱང་སྐྱོབ་ཐུབ་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།