འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཕྱུགས་རིགས་མགོ་གྲངས་ཁྲི་470ལྷག་ཙམ་ལ་འགན་བཅོལ་
    ཉོ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་22ཉིན། 16:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། 《2017ལོའི་མཚོ་སྔོན་བོད་རིགས་ས་ཁུལ་གྱི་བལ་འཇམ་ལུག་དང་འབྲི་གཡག་གི་འགན་བཅོལ་ལག་བསྟར་ཇུས་གཞི་》བཟོས་ནས་བཏོན་ཞིང་། ཇུས་གཞི་དེ་གཞིར་བཟུང་མཚོ་སྔོན་བོད་རིགས་ས་ཁུལ་གྱི་བལ་འཇམ་ལུག་དང་འབྲི་གཡག་མགོ་གྲངས་ཁྲི་470ལྷག་ཙམ་ལ་འགན་བཅོལ་བཟོས་ཏེ་འགན་བཅོལ་འགན་འཁྲིའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་བ་དང་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་འགན་བཅོལ་འགན་འཁྲིའི་ཁྱབ་ཁོངས་སུ་འཇུག་རྒྱུ་རེད།
            མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་ཞིང་ལས་དཔལ་འབྱོར་ཁྲུའི་ཁྲུའུ་ཀྲང་ཀྲང་ཁེ་ཞུང་གིས་2011ལོར་མཚོ་སྔོན་ཞིང་ཆེན་གྱིས་ཧོ་ནན་སོག་རིགས་རང་སྐྱོང་རྫོང་དུ་བལ་འཇམ་ལུག་དང་འབྲི་གཡག་གི་འགན་བཅོལ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། ལོ་ལྟར་འབད་བརྩོན་བྱས་ཏེ་བལ་འཇམ་ལུག་དང་འབྲི་གཡག་གི་འགན་བཅོལ་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་འདི་ལོ་བོད་རིགས་ས་ཁུལ་གྱི་རྫོང་9ལ་ཁྱབ་པ་བྱ་རྒྱུ་རེད། དེས་རྐྱེན་པས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར་1.4འཕར་རྒྱུ་དང་འགན་བཅོལ་དངུལ་སྒོར་དུང་ཕྱུར་2.97ཟིན་པ་བྱས་ནས་50%ཙམ་འཕར་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
             འགན་བཅོལ་ཁྱབ་ཁོངས་ཆེ་རུ་ཕྱིན་པར་བརྟེན་བོད་རིགས་ས་ཁུལ་གྱི་འབྲོག་པས་རང་བྱུང་གནོད་འཚེ་འགོག་པའི་ནུས་པ་དང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། བོད་རིགས་ས་ཁུལ་གྱི་འབྲོག་པས་ནུས་ལྡན་ངང་རང་བྱུང་གནོད་འཚེའི་ཉེན་ཁར་དོགས་ཟོན་དང་སེལ་རྒྱུར་ཕན་པ་ཐོན་རྒྱུ་མ་ཟད། ནུས་ལྡན་ངང་གནོད་འཚེས་རྐྱེན་པས་འབྲོག་པ་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཕོག་ཚད་ཆུང་དུ་གཏོང་ཐུབ་པ་བྱུང་བ་དང་འབྲེལ་བོད་རིགས་ས་ཁུལ་གྱི་འབྲོག་ལས་ཐོན་སྐྱེད་ཀྱི་ཉེན་ཁའི་འགན་ལེན་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་ཐུབ་པ་བྱུང་བ་དང་བོད་རིགས་ས་ཁུལ་གྱི་འབྲོག་ལས་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་གདིང་ཐུབ་པ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།