འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཐེངས་བརྒྱད་པའི་བྱང་སྣེའི་ཚན་རིག་ལྟ་ཞིབ་རུ་ཁག་ཧྲང་ཧའེ་ནས་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་22ཉིན། 16:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན་གྱི་སྔ་དྲོ། ཀྲུང་གོའི་ཐེངས་བརྒྱད་པའི་བྱང་སྣེའི་ཚན་རིག་ལྟ་ཞིབ་རུ་ཁག“གངས་འབྲུག”རྟགས་ཅན་གྱི་ཚན་རིག་ལྟ་ཞིབ་གྲུ་གཟིངས་བསྡད་དེ་ཧྲང་ཧའེ་གླིང་སྣེའི་ས་ཁུལ་བརྟག་ཞིབ་ཀྱི་རྒྱལ་ནང་རྟེན་གཞིའི་གྲུ་ཁ་ནས་བྱང་སྣེར་ཚན་རིག་ལྟ་ཞིབ་ཀྱི་ལས་འགན་སྒྲུབ་པར་ཐོན་པ་རེད། འདི་ནི་ཀྲུང་གོས་འཁྱགས་རུམ་རྒྱ་མཚོ་བྱང་མ་སྐོར་བའི་ལྟ་ཞིབ་བྱེད་ཐེངས་དང་པོ་རེད་ལ“གངས་འབྲུག”རྟགས་ཅན་བྱང་སྣེའི་ནུབ་བྱང་མཚོ་ཐོག་འགྲུལ་ལམ་དུ་སྐྱོད་ཐེངས་དང་པོ་ཡང་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ཐེངས་བརྒྱད་པའི་བྱང་སྣེའི་ཚན་རིག་ལྟ་ཞིབ་རུ་ཁག་ལ་ཁྱོན་རུ་མི་96ཡོད་པ་དང་ལྟ་ཞིབ་ཀྱི་སྤྱིའི་ཆུ་འགྲུལ་ལམ་ཐག་སྔོན་དཔག་བྱས་ན་མཚོ་ལེ་19000ལྷག་ཙམ་ཟིན་རྒྱུ་ཡིན་ཞིང་། འདི་ནི་ཀྲུང་གོས་བྱང་སྣེའི་ལས་སྒོ་ཅན་གྱི་ལྟ་ཞིབ་ཚད་འཇལ་གྱི་ལས་འགན་སྒྲུབ་ཐེངས་དང་པོ་རེད། ད་ཐེངས་ལྟ་ཞིབ་བྱེད་སྐབས་ཀྲུང་གོའི་བྱང་སྣེ་ལྟ་ཞིབ་རུ་ཁག་གིས་འཁྱགས་རུམ་རྒྱ་མཚོ་བྱང་མ་སྐོར་བའི་ལྟ་ཞིབ་ཐེངས་དང་པོ་བྱ་རྒྱུ་དང་ཆབས་ཅིག“གངས་འབྲུག”རྟགས་ཅན་གྱིས་བྱང་སྣེའི་ནུབ་བྱང་མཚོ་ཐོག་འགྲུལ་ལམ་དུ་ཐོག་མར་ཚོད་སྐྱོད་ཀྱང་བྱ་རྒྱུ་རེད། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་དཔོན་རིགས་ཀྱིས་དེ་ལས་བྱང་སྣེ་འཚོལ་ཞིབ་བྱ་རྒྱུ་དང་། བྱང་སྣེ་ཤེས་རྟོགས་བྱ་རྒྱུ། བྱང་སྣེའི་མཚོ་ཐོག་འགྲུལ་ལམ་སྤྱོད་རྒྱུ་བཅས་ཐད་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་རྒྱུ་ཡིན་ཞེས་བཤད།
           ཀྲུང་གོའི་ཐེངས་བརྒྱད་པའི་བྱང་སྣེའི་ཚན་རིག་ལྟ་ཞིབ་རུ་ཁག་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་མཐའ་སྣེ་ལྟ་ཞིབ་བྱེད་སྒོ་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་མཐའ་སྣེ་ལྟ་ཞིབ་ནང“གངས་འབྲུག”རྟགས་ཅན་ལས་སྟེགས་སུ་བྱས་ནས་བྱང་སྣེའི་མཚོ་ཐོག་འགྲུལ་ལམ་ལ་ཕྱོགས་བསྡུས་བརྟག་དཔྱད་བྱ་རྒྱུ་དང་བྱང་སྣེའི་འཕྲེད་ཚད་མཐོ་བའི་མཚོ་ཁུལ་སོགས་གཙོ་གནད་མཚོ་ཁོངས་སུ་ལས་སྒོ་ཅན་གྱི་བརྟག་ཞིབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།